ལྭ་ནག་པའི་གོ་ལ་ཧྲིལ་པོའི་འདེད་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྭ་ནག་པའི་གོ་ལ་ཧྲིལ་པོའི་འདེད་འཛིན།
《ལྭ་ནག་པའི་གོ་ལ་ཧྲིལ་པོའི་འདེད་འཛིན》ཞེས་པའི་གློག་བརྙན་འདི་ནིF•ཅཱ་ལི•ཀུ་ལེ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཧེ་མུའུ་སི་ཝོ་སི་དང་ཐང་ཕུའུ་སེང་། ཧྥོ་ཀུ་ལིན། ནན་ཅཱ་ཉི། སི་པོ་ཡིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ6པའི་ཚེས14ཉིན་ཨ་རི་ནས་འཁྲབ་སྟོན་བྱས། ཚན་རིག་རྟོག་བཟོའི་གློག་བརྙན། རིང་ཚད་ལ་སྐར115ཡོད།
གཞི་རྩའི་གནས་ཚུལ།

མིང་།
ལྭ་ནག་པའི་གོ་ལ་ཧྲིལ་པོའི་འདེད་འཛིན།
རྒྱ་ཡིག་གི་མིང་།
黑衣人全球追缉
འཁྲབ་ཁྲིད་པ།
F•ཅཱ་ལི•ཀུ་ལེ།
གཙོ་འཁྲབ་པ།
ཧེ་མུའུ་སི་ཝོ་སི། ཐང་ཕུའུ་སེང་། ཧྥོ་ཀུ་ལིན། ནན་ཅཱ་ཉི། སི་པོ།
རིགས།
ཚན་རིག་རྟོག་བཟོའི་གློག་བརྙན།
རིང་ཚད།
སྐར115
1 ངོ་སྤྲོད།

《ལྭ་ནག་པའི་གོ་ལ་ཧྲིལ་པོའི་འདེད་འཛིན》ཞེས་པའི་གློག་བརྙན་འདི་ནིF•ཅཱ་ལི•ཀུ་ལེ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཧེ་མུའུ་སི་ཝོ་སི་དང་ཐང་ཕུའུ་སེང་། ཧྥོ་ཀུ་ལིན། ནན་ཅཱ་ཉི། སི་པོ་ཡིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ6པའི་ཚེས14ཉིན་ཨ་རི་ནས་འཁྲབ་སྟོན་བྱས། ཚན་རིག་རྟོག་བཟོའི་གློག་བརྙན། རིང་ཚད་ལ་སྐར115ཡོད།

གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གསུང་རབ་ཚན་རྟོགIP《ལྭ་ནག་པ》ཕྱོགས་ཡོངས་ནས་རིམ་སྤོར་བྱུང་ཡོད། ཚན་རྟོག་གློག་བརྙན་གྱི་ཕ་ཧྲི་ཏི་བུན•སི་ཕི་ཨེར་པོ་ཀུས་མཉམ་འབྲེལ་ཐོག《མྱུར་ཚད་དང་ངར་སེམས8》ཞེས་པའི་འཁྲབ་ཁྲིད་པF•ཅ་ལི་•ཀུ་ལེ་དང་གསེར་གྱི་རྟགས་མ་ལེན་མཁན་པན་ཏི་ཡིས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དབྱིན་ཇིའི་ལྭ་ནག་པའི་སྤྱི་ཁྱབ་པུའུ་ཡི་བརྟག་དཔྱད་པ་གཙོ་བོH(ཕུ་བོ་ཁྲུའེ)དང་རིམ་འཕར་མྱུལ་ཞིབ་པ་གསར་བM(ཐའེ་ཧྲ•ཐང་ཕུའུ་སེང)གཉིས་ཀྱིས་གོ་ལ་གཞན་པའི་ཚོགས་པའི་བཙན་འཛུལ་བཀག་འགོག་བྱེད་པའི་བརྒྱུད་རིམ་ཁྲོད་བསམ་ཡུལ་ལས་འདས་པའི་སྒོ་ནས་ལྭ་ནག་པའི་རྩ་འཛུགས་ཁྲོད་ཀྱི་ནང་རུལ་པ་རྩ་མེད་དུ་བཏང་ནས་འཛམ་གླིང་བསྐྱབས་པ་རེད། གློག་བརྙན་དེའི་ནང་བློ་སྒོ་རྒྱ་ཆེར་ཕྱེས་བའི་གོ་ལ་གཞན་གྱི་མི་དང་བསམ་པའི་འཆར་སྒོ་མགོ་རྟིང་སློག་པའི་ཚན་རྩལ་མཐོ་བའི་སྒྲིག་ཆས་རེས་མོས་ངང་གར་སྟེགས་ཐོག་སྐྱོད་སྐབས། སྤྲོ་སེམས་རབ་ཏུ་འཁོལ་ཞིང་ཧང་སངས་དགོས་པའི་བྱ་སྤྱོད་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས། ལྭ་ནག་པའི་འཇིག་རྟེན་ལྟ་བ་གསར་རྐྱང་ཞིག་ལེགས་པར་ཆགས་ཡོད། གློག་བརྙན་འདི་སྤྱི་ལོ2019ལོའི་ཟླ6ཚེས14ཉིན་རྒྱལ་ནང་དང་མཉམ་དུ་མེ་གླིང་བྱང་མར་འཁྲབ་སྟོན་བྱས། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།