ཆུའི་བསྟན་བཅོས་ཀྱི་འགྲེལ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུའི་བསྟན་བཅོས་ཀྱི་འགྲེལ་པ།
《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ནི་ཀྲུང་གོའི་གནའ་རབས་ཀྱི་ས་ཁམས་སྐོར་གྱི་དཔེ་ཆ་ཞིག་ཡིན་ཞིང་། དེའི་རྩོམ་པ་པོ་ལིད་ཏའོ་ཡོན་ནི་ཝའེ་རྒྱལ་རབས་བྱང་མའི་དུས་ཀྱི་ས་ཁམས་རིག་པ་མཁས་ཅན་ཞིག་ཡིན། 《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ཞེས་པ་ནི་ཁོ་པས《ཆུའི་བསྟན་བཅོས》ལ་འགྲེལ་པ་བྱས་ནས་གྲུབ་པ་ཞིག་ཡིན། 《ཆུའི་བསྟན་བཅོས》ཞེས་པ་དེར་ཁྱོན་བསྡོམས་ཡིག་འབྲུ་ཁྲི་གཅིག་ལྷག་ཙམ་ཡོད་ཅིང་། ཧ་ལམ་རྒྱལ་ཁབ་གསུམ་གྱི་དུས་རབས་སུ་བརྩམས་ཤིང་། རྩོམ་པ་པོ་མི་གསལ།《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ལ་ཁྱོན་བསྡོམས་པོད་བཞི་བཅུ་ཙམ་ཡོད་པས《ཆུའི་བསྟན་བཅོས》ལས་ལྡབ་མང་པོས་མང་བ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
水经注
ཁོངས་གཏོགས།
རྩོམ་རིག
དུས་སྐབས།
ཝའེ་རྒྱལ་རབས་བྱང་མ།
རྩོམ་ལུས།
ལྷུག་རྩོམ།
རྩོམ་པ་པོ།
ལིད་ཏའོ་ཡོན།
1 ནང་དོན་མདོར་བསྟན། 

“དཔྱིད་ཀ་དང་དགུན་དུས་སུ་ཆུ་བོ་ལྗང་ཞིང་དྭངས་བས་གཡས་གཡོན་གྱི་རི་བོའི་གཟུགས་བརྙན་དག་ཀྱང་གསལ་བར་གྱུར་ཞིང་། བྲག་རི་གཡང་གཟར་གྱི་ངོས་ལ་ཤུག་པ་སྣ་ཚོགས་སྐྱེས་པ་དེ་དག་གི་གསེབ་ནས་ཆུ་མིག་དང་རྦབ་ཆུ་ཐུར་དུ་ཟགས་ཡོང་།"ཞེས་པ་འདི་ནི《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ཞེས་པའི་ནང་བཀོད་པའི་འབྲི་ཆུའི་ཝུའུ་ཞའ་རི་ཤུར་སྐོར་གྱི་རྒྱས་འབྲི་རེད།

《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ནི་ཀྲུང་གོའི་གནའ་རབས་ཀྱི་ས་ཁམས་སྐོར་གྱི་དཔེ་ཆ་ཞིག་ཡིན་ཞིང་། དེའི་རྩོམ་པ་པོ་ལིད་ཏའོ་ཡོན་ནི་ཝའེ་རྒྱལ་རབས་བྱང་མའི་དུས་ཀྱི་ས་ཁམས་རིག་པ་མཁས་ཅན་ཞིག་ཡིན། 《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ཞེས་པ་ནི་ཁོ་པས《ཆུའི་བསྟན་བཅོས》ལ་འགྲེལ་པ་བྱས་ནས་གྲུབ་པ་ཞིག་ཡིན།     《ཆུའི་བསྟན་བཅོས》ཞེས་པ་དེར་ཁྱོན་བསྡོམས་ཡིག་འབྲུ་ཁྲི་གཅིག་ལྷག་ཙམ་ཡོད་ཅིང་། ཧ་ལམ་རྒྱལ་ཁབ་གསུམ་གྱི་དུས་རབས་སུ་བརྩམས་ཤིང་། རྩོམ་པ་པོ་མི་གསལ།《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ལ་ཁྱོན་བསྡོམས་པོད་བཞི་བཅུ་ཙམ་ཡོད་པས《ཆུའི་བསྟན་བཅོས》ལས་ལྡབ་མང་པོས་མང་བ་ཡོད།

《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ཞེས་པའི་ནང་གཙོ་བོ་གཙང་པོ་དང་ཆུ་བོའི་སྐོར་བྲིས་ཡོད་པ་དང་། ཆུ་བོ་དེ་དག་རྒྱུགས་ཡུལ་གྱི་རི་བོ་དང་། མཚེའུ། རྫོང་གཞིས། གྲོང་ཁྱེར། འགག་སྒོ། གནའ་ཤུལ། དེ་བཞིན་ས་གཤིས་དང་། སྐྱེ་དངོས། གནམ་གཤིས། སྤྱི་ཚོགས། དཔལ་འབྱོར་། ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་མང་པོའི་ཐད་ཀྱི་གནས་ཚུལ་བྲིས་ཡོད། དེ་དང་ཆབས་ཅིག་ད་དུང་ས་གནས་ཁག་གི་འབྲེལ་ཡོད་ལོ་རྒྱུས་ཀྱི་སྒྲུང་གཏམ་ཡང་ཞོར་དུ་བྲིས་ཡོད།       《ཆུའི་བསྟན་བཅོས་ཀྱི་འགྲེལ་པ》ཞེས་པ་དེས་ཀྲུང་གོའི་ས་ཁམས་རིག་པ་འཕེལ་རྒྱས་ཐོག་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ལ། དེའི་ནང་གི་རི་ཆུའི་བཀོད་པ་བྲིས་པའི་དུམ་བུ་མང་པོ་ཞིག་ནི་རྩོམ་སྟངས་ངོ་མཚར་ཆེ་ལ། ཡུལ་ལྗོངས་བཀོད་འབྲི་བྱེད་དུས་མངོན་སུམ་མིག་ནང་དུ་འཆར་བ་ལྟ་བུ་ཡོད་པས་ཕུལ་དུ་བྱུང་བའི་ལྷུག་རྩོམ་ལ་བརྩིས་ནས་ཀློག་ཆོག 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-27

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།