ཤ་ལན་པའི་མནའ་འབྲེལ་བཞི་བ། མཇུག་མཐའི་གཡུལ་འགྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤ་ལན་པའི་མནའ་འབྲེལ་བཞི་བ། མཇུག་མཐའི་གཡུལ་འགྱེད།
《ཤ་ལན་པའི་མནའ་འབྲེལ་བཞི་བ། མཇུག་མཐའི་གཡུལ་འགྱེད།》ཞེས་པའི་གློག་བརྙན་འདི་ནི་ཨན་ཏུང་ཉི·ལུའོ་སུའུ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཐང་ཉི་དང་ཨའེ་བུན་སི། ལུའུ་ཧྥུའུ་ལུའོ། ཧེ་མུའུ་སི་ཝོ་སི། ཡའེ་ཧན་ཞོན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ4པའི་ཚེས24ཉིན་ཨ་རི་ནས་འཁྲབ་སྟོན་བྱས། ཚན་རིག་རྟོག་བཟོའི་གློག་བརྙན་ཞིག་ཡིན། རིང་ཚད་ལ་སྐར181ཡོད།
གཞི་རྩའི་གནས་ཚུལ།

མིང་།
ཤ་ལན་པའི་མནའ་འབྲེལ་བཞི་བ། མཇུག་མཐའི་གཡུལ་འགྱེད།
རྒྱ་ཡིག་གི་མིང་།
复仇者联盟4:终局之战
འཁྲབ་ཁྲིད་པ།
ཨན་ཏུང་ཉི·ལུའོ་སུའུ།
གཙོ་འཁྲབ་པ།
ཐང་ཉི། ཨའེ་བུན་སི། ལུའུ་ཧྥུའུ་ལུའོ། ཧེ་མུའུ་སི་ཝོ་སི། ཡའེ་ཧན་ཞོན།
རིགས།
ཚན་རིག་རྟོག་བཟོའི་གློག་བརྙན།
རིང་ཚད།
སྐར181
1 ​ངོ་སྤྲོད།

《ཤ་ལན་པའི་མནའ་འབྲེལ་བཞི་བ། མཇུག་མཐའི་གཡུལ་འགྱེད།》ཞེས་པའི་གློག་བརྙན་འདི་ནི་ཨན་ཏུང་ཉི·ལུའོ་སུའུ་ཡིས་འཁྲབ་ཁྲིད་བྱས་ཤིང་། ཐང་ཉི་དང་ཨའེ་བུན་སི། ལུའུ་ཧྥུའུ་ལུའོ། ཧེ་མུའུ་སི་ཝོ་སི། ཡའེ་ཧན་ཞོན་གྱིས་གཙོ་འཁྲབ་བྱས། སྤྱི་ལོ2019ལོའི་ཟླ4པའི་ཚེས24ཉིན་ཨ་རི་ནས་འཁྲབ་སྟོན་བྱས། ཚན་རིག་རྟོག་བཟོའི་གློག་བརྙན་ཞིག་ཡིན། རིང་ཚད་ལ་སྐར181ཡོད།

སྒྲ་ཞིག་གྲགས་པ་དང་། འཇིག་རྟེན་ཁམས་ཀྱི་ཚེ་སྲོག་ཕྱེད་ཀ་ཐལ་བའི་རྡུལ་དུ་ཡལ། རེ་ཐག་ཆད་པའི་དགྲ་ཤ་ལེན་མཁན་ཚོས་ཧ་ལས་པའི་རུ་དཔོན་གྱི་རོགས་རམ་འོག་མའེ་པཱ་བཙན་བདག་གི་སྦས་གནས་རྙེད་མོད། འོན་ཀྱང་ཚད་མེད་ཕ་ལམ་དྲུག་པོ་ཚང་མ་མེད་པར་བཟོས་ནས་རྩ་མེད་དུ་འགྲོ་རྒྱུའི་རེ་བ་ཡོད་པ་ཤེས། གལ་ཏེ་ལོ་ལྔ་སོང་རྗེས། ཚད་རྡུལ་མངའ་ཁོངས་སུ་མགོ་འཁོར་བའི་གྲོག་མའི་མི་སྟེས་དབང་གིས་དངོས་ཡོད་འཇིག་རྟེན་དུ་ལོག་སྐབས། ཁོ་སླེབས་པ་དེས་སྲོག་ཉེན་ལས་ཐར་བའི་དགྲ་ཤ་ལེན་མཁན་ཚོར་རེ་བའི་མེ་ལྕེ་སྒྲོན། ཨ་རིའི་རུ་དཔོན་དང་སྔར་འཁོན་མེད་པ་བྱས་ནས་མནའ་འབྲེལ་བྱས། ཐོ་ཉི་ཡིས་བར་སྟོང་བརྒལ་བའི་ཐབས་ལམ་རྙེད་ནས། སྐར་མའི་གོ་ལ་སོ་སོར་འཐོར་བའི་རིམ་འདས་དཔའ་བོ་དག་མཉམ་དུ་བསྡུས་ཏེ། ཁོ་ཚོ་མི་འདྲ་བའི་དུས་རབས་བརྒལ་ནས་ཚད་མེད་ཕ་ལམ་བསྡུ་རུ་སོང་། ཡིན་ནའང་བྱ་བའི་གོ་རིམ་འདིའི་ནང་། མཉམ་འགྲོའི་འཇིག་རྟེན་གྱི་མའེ་པཱ་ཡིས་ཁོ་ཚོའི་འཆར་གཞི་ཤེས་ཚོར་བྱུང་བ་རེད། ལོ་རྒྱུས་ཀྱི་ཟིན་བྲིས་སུ་འགོད་པ་གཏན་འཁེལ་བྱས་པའི་མཇུག་མཐའི་གཡུལ་འགྱེད་དེ། རིམ་འདས་དཔའ་བོ་ཚོས་བརྟན་སྲུང་བྱེད་པའི་དད་སེམས་ཀྱི་སྔོན་འགྱེལ་རྗེས་མཐུད་ཅིག་ཏུ་གྱུར།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།