སྐེ་ཚེ་ནག་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྐེ་ཚེ་ནག་པོ།
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཕྲ་ཞིང་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། སྡོང་པོ་ཕྲ་ལ་སྨུག་པའི་སྟོད་ཆར་ཡལ་ག་མང་པོ་གྱེས། ལོ་མ་ལྗང་ལ་ནག་ཤས་ཡོད་པའི་དབྱིབས་མདུང་རྩེ་འདྲ་བར་ཉག་ག་ཡོད་ལ། ངར་བ་ཐུང་བ་ལོ་སྡོང་ཡོངས་དཀར་ལ་རྩུབ་ཅིང་ལོ་མའི་རྩེ་དང་ཉག་གའི་རྩེ་རྣམས་རྣོ་བ་དང་ངར་བ་འགའི་ལོ་མ་ཆེ་ཞིང་ཡུངས་དཀར་གྱི་ལོ་མའི་དབྱིབས་དང་འདྲ་ལ། ཉག་གའི་རྩེ་རེས་ཆུང་ངེས་པ་མེད། མེ་ཏོག་དཀར་པོའམ་སེར་པོ་རྒྱ་གྲམ་མེ་ཏོག་ཡལ་ག་དང་། ལོ་མའི་བར་མཚམས་ནས་རེས་མོས་ཀྱིས་ཤར་བ། གང་བུ་ཕྲ་ལ་རིང་བ་པད་ཁ་གང་བུའི་དབྱིབས་འདྲ་བའི་ནང་དུ་འབྲུ་གུ་སེར་པོ་ཤིན་ཏུ་ཞིབ་ལ་མང་བ་ལྡན་པ་དེའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
黑芥子
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ​ངོ་སྤྲོད།

ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཕྲ་ཞིང་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང་། སྡོང་པོ་ཕྲ་ལ་སྨུག་པའི་སྟོད་ཆར་ཡལ་ག་མང་པོ་གྱེས། ལོ་མ་ལྗང་ལ་ནག་ཤས་ཡོད་པའི་དབྱིབས་མདུང་རྩེ་འདྲ་བར་ཉག་ག་ཡོད་ལ། ངར་བ་ཐུང་བ་ལོ་སྡོང་ཡོངས་དཀར་ལ་རྩུབ་ཅིང་ལོ་མའི་རྩེ་དང་ཉག་གའི་རྩེ་རྣམས་རྣོ་བ་དང་ངར་བ་འགའི་ལོ་མ་ཆེ་ཞིང་ཡུངས་དཀར་གྱི་ལོ་མའི་དབྱིབས་འདྲ་ལ། ཉག་གའི་རྩེ་རེས་ཆུང་ངེས་པ་མེད། མེ་ཏོག་དཀར་པོའམ་སེར་པོ་རྒྱ་གྲམ་མེ་ཏོག་ཡལ་ག་དང་། ལོ་མའི་བར་མཚམས་ནས་རེ་མོས་ཀྱིས་ཤར་བ། གང་བུ་ཕྲ་ལ་རིང་བ་པད་ཁ་གང་བུའི་དབྱིབས་འདྲ་བའི་ནང་དུ་འབྲུ་གུ་སེར་པོ་ཤིན་ཏུ་ཞིབ་ལ་མང་བ་ཡོད། ལོ་སྡོང་སོགས་ཡུངས་ནག་དང་འདྲ། སྣུམ་བཏོན་ན་དྲི་ཆེ་བ་ཡོད། རོ་ཚ། ནུས་པས་གཉན་སྐྲངས་དང་ལྷོག་པ་ལ་ཕན། 

2 སྐྱེ་གནས།

མཚོ་ངོས་ལས་སྨི3500-3900བར་གྱི་ཡུལ་གང་དུའང་ཡོད་ཅིང་། གྲོང་པའི་ཉེ་འཁོར་དང་། ཆུ་འགྲམ། མཚེར་རྙིང་། ཞིང་སྐམ་བཅས་སུ་འཁྲུངས་པ་དང་བཏབ་ནའང་སྐྱེ།

3 སྦྱར་བྱ།

འབྲས་བུ་སྤྱི་ཟླ8-9པར་བཏུས་ནས་སྐམ་གསེད་ལེགས་ཚགས་བྱ།

4 ངོ་བོ།

རོ་ཚ། ཞུ་རྗེས་སྙོམས།

5 ཕན་ནུས།

ནུས་པས་བགེགས་འདུལ། གདོན་འཇོམས། སྐྲངས་པ་གཞིལ། ལྷོག་པ་སེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-23

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།