གཞོན་ནུ་པ་པི་ལུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཞོན་ནུ་པ་པི་ལུན།
《གཞོན་ནུ་པ་པི་ལུན》ནི་ཆིང་ཏའོ་ཏི་ཕ་ཁེ་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་དང་། ལུང་དབྱི་གློག་བརྙན་བརྙན་འཕྲིན། སན་ལི་གློག་བརྙན་ལས་རིགས། ཨའེ་རུན་ཤར་ཕྱོགས་གློག་བརྙན་ལས་རིགས། ཧྭ་དབྱི་གཅེན་གཅུང་བཅས་ཀྱིས་བཏོན་པ་དང་། ཞང་གོ་ཆིང་གིས་འཁྲབ་ཁྲིད། ཏུང་ཙི་ཅན་དང་ལི་མེང་། ཧྲང་ཐེ་ལུང་། ལི་ཏཱ་ཀང་སོགས་ཀྱིས་གཙོ་འཁྲབ་བྱས་པའི་དགོད་བྲོའི་གློག་བརྙན་ཞིག་རེད། གློག་བརྙན་དེ་ལུའུ་ནེ་ཡི་མིང་གཅིག་པའི་བརྩམས་སྒྲུང་བཅོས་སྒྲིག་བྱས་ནས་ལུའུ་ཞོ་ལུའུ་ཡིས་ཏའེ་ཁྲེན་བཟོ་གྲྭའི་ལང་ཚོའི་ཁྲག་དྲོན་གྱི་ལོ་རྒྱུས་དང་བརྩེ་དུང་གི་གཏམ་རྒྱུད་བརྗོད་ཡོད། གློག་བརྙན་དེ་སྤྱི་ལོ2017ལོའི་ཟླ1ཚེས13ཉིན་ཀྲུང་གོའི་རྒྱལ་ནང་དུ་འཁྲབ་སྟོན་བྱས་པ་རེད།
གཞི་རྩའི་གནས་ཚུལ།

མིང་།
གཞོན་ནུ་པ་པི་ལུན།
རྒྱ་ཡིག་གི་མིང་།
少年巴比伦
འཁྲབ་ཁྲིད་པ།
ཞང་གོ་ཆིང་།
གཙོ་འཁྲབ་པ།
ཏུང་ཙི་ཅན། ལི་མེང་། ཧྲང་ཐེ་ལུང་། ལི་ཏཱ་ཀང་སོགས།
རིགས།
དགོད་བྲོའོ་གློག་བརྙན།
1 ངོ་སྤྲོད།

《གཞོན་ནུ་པ་པི་ལུན》ནི་ཆིང་ཏའོ་ཏི་ཕ་ཁེ་རིག་གནས་སྨྱན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་དང་ལུང་དབྱི་གློག་བརྙན་བརྙན་འཕྲིན། སན་ལི་གློག་བརྙན་ལས་རིགས། ཨའེ་རུན་ཤར་ཕྱོགས་གློག་བརྙན་ལས་རིགས། ཧྭ་དབྱི་གཅེན་གཅུང་བཅས་ཀྱིས་བཏོན་པ་དང་། ཞང་གོ་ཆིང་གིས་འཁྲབ་ཁྲིད། ཏུང་ཙི་ཅན་དང་ལི་མེང་། ཧྲང་ཐེ་ལུང་། ལི་ཏཱ་ཀང་སོགས་ཀྱིས་གཙོ་འཁྲབ་བྱས་པའི་དགོད་བྲོའི་གློག་བརྙན་ཞིག་རེད། གློག་བརྙན་དེ་ལུའུ་ནེ་ཡི་མིང་གཅིག་པའི་བརྩམས་སྒྲུང་བཅོས་སྒྲིག་བྱས་ནས་ལུའུ་ཞོ་ལུའུ་ཡིས་ཏའེ་ཁྲེན་བཟོ་གྲྭའི་ལང་ཚོའི་ཁྲག་དྲོན་གྱི་ལོ་རྒྱུས་དང་བརྩེ་དུང་གི་གཏམ་རྒྱུད་བརྗོད་ཡོད། གློག་བརྙན་དེ་སྤྱི་ལོ2017ལོའི་ཟླ1ཚེས13ཉིན་ཀྲུང་གོའི་རྒྱལ་ནང་དུ་འཁྲབ་སྟོན་བྱས་པ་རེད།

དུས་རབས20བའི་ལོ་རབས90བའི་ཏའེ་ཁྲེན་ལམ་གྱི་ལུའུ་ཞོ་ལུའུ་ཡིས་ཀ་ར་བཟོ་གྲྭ་ཞིག་ཏུ་བྱ་བ་སྒྲུབ་བཞིན་ཡོད་ལ། ཁོ་ནི་མགོ་འཕང་མཐོ་བས་འབྱུང་འགྱུར་དང་འཚོ་བའི་དམིགས་འབེན་གང་དུ་ཡོད་པ་མི་ཤེས། “གླང་མགོ་ཅན”ཟེར་བའི་དགེ་རྒན་ཞིག་གི་རྗེས་སུ་འབྲངས་ནས་ལག་རྩལ་ཏོག་ཙམ་ཤེས་ཀྱི་མེད། སྐམ་བཟོའི་འཛིན་གྲྭར་གཅུས་གཟེར་རྒྱག་པ་ལས་གཞན་ཅི་ཡང་མི་ཤེས། གློག་ལས་འཛིན་གྲྭར་ཡང་གློག་ཏོག་བརྗེ་བ་ཁོ་ན་ལས་མི་ཤེས། དེ་མིན། ཉིན་ཞིག་ལ། ལུའུ་ཞོ་ལུའུ་མིང་ལ་པེ་ལན་ཟེར་བའི་བཟོ་གྲྭའི་སྨན་པ་ཞིག་ལ་འཕྲད་པ་དང་། དེ་ལས་ཁོའི་མི་ཚེ་ལ་འགྱུར་ལྡོག་བྱུང་ངོ་།། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-25

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།