གཏམ་རྒྱུད། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

གཏམ་རྒྱུད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལོ་རྒྱུས། )

གཏམ་རྒྱུད།
གཏམ་རྒྱུད་ཅེས་པ་ནི་ཁ་ཏ་བསླབ་བྱ་བྱེད་པའི་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་གནས་ལུགས་བརྗོད་པའི་རྩོམ་རིག་གི་བརྩམས་ཆོས་ཤིག་རེད། དེ་དག་མང་ཆེ་བ་ཚིག་རྣོ་པོ་སྤྱོད་པ་དང་ཡིག་འབྲུ་བརྒྱ་གྲངས་བྱས་ཤིང་བྱུང་རིམ་སྟབས་བདེའི་ཐོག་ནས་ཟུར་ཟའི་དོན་སྙིང་དང་སློབ་གསོའི་དོན་སྙིང་ལྡན་པའི་སྒྲུང་ཐུང་གྲས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
寓言
ཕྱི་ཡིག་གི་མིང་།
fable
ཁོངས་གཏོགས།
རྩོམ་རིག
དར་བའི་དུས་སྐབས།
ཁྲུན་ཆིའུ་ཀྲན་གོའི་དུས།
ཁྱད་ཆོས།
དཔེ་འཇོག་རང་བཞིན། ཟུར་ཟའི་རང་བཞིན། སློབ་གསོ་རང་བཞིན།
ཚབ་མཚོན་བརྩམས་ཆོས།
《ཧན་ཧྥའེ་ཙེ》《ཀྲོང་ཙེ》སོགས།
1 ​ངོ་སྤྲོད། 

གཏམ་རྒྱུད་ཅེས་པ་ནི་ཁ་ཏ་བསླབ་བྱ་བྱེད་པའི་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་གནས་ལུགས་བརྗོད་པའི་རྩོམ་རིག་གི་བརྩམས་ཆོས་ཤིག་རེད། དེ་དག་མང་ཆེ་བ་ཚིག་རྣོ་པོ་སྤྱོད་པ་དང་ཡིག་འབྲུ་བརྒྱ་གྲངས་བྱས་ཤིང་བྱུང་རིམ་སྟབས་བདེའི་ཐོག་ནས་ཟུར་ཟའི་དོན་སྙིང་དང་སློབ་གསོའི་དོན་སྙིང་ལྡན་པའི་སྒྲུང་ཐུང་གྲས་ཡིན། 

2 ནང་དོན་མདོར་བསྟན། 
2_1 བྱུང་འཕེལ། 

གནའ་སྔ་མོ་མི་ཞིག་གཡོ་སྒྱུས་འཚོ་བ་ཞིག་ཡོད། ཁོ་པའི་ཁྱིམ་གྱི་བོང་བུ་མི་གཞན་གྱི་བོང་བུ་ལས་ཤེད་སྟོབས་ཞན་པ་ཡོད་པས་ཁོས་ཐབས་བཀོད་ཅིག་འཐེན་དགོས་སྙམ། ཉིན་ཞིག་ཁོས་བོང་བུ་དེར་གཟིག་གི་ལྤགས་པ་གཡོགས་ནས་མི་གཞན་གྱི་ཞིང་ཁའི་ནང་བཏང་། ཞིང་ཁའི་བདག་པོས་མཐོང་ཡང་ཐབས་ཤེས་མེད་པར་ལུས་པས་བོང་བུའི་ཤ་ཤེད་ལས་ཀྱིས་རྒྱས། ཉིན་ཤས་སོང་རྗེས་གཅན་གཟན་དེ་སྔར་བཞིན་དེ་གར་བསྡད་ཡོད་པ་མཐོང་བ་དང་ལོ་ཏོག་ཀྱང་ཟོས་ཡོད་པས་མི་རྣམས་ཡ་མཚན་སྐྱེས་ནས་ཞིབ་པར་ལྟ་སྐབས་མི་གཡོ་ཅན་དེའི་བོང་བུ་ཡིན་པ་ཤེས་པས་མི་ཚོས་རུབ་ནས་བོང་བུ་དེ་བསད་པ་རེད། ཧ་ཅང་གཡོ་སྒྱུ་ཚ་དྲགས་ན།། རེ་ཞིག་སྒྲུབ་ཀྱང་མཐའ་མར་བརླགས།། གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་ཟོས་མཐར་གཞན་གྱིས་བསད།། ཅེས་ཀུན་ལ་གྲགས་སོ། 

2_2 ཁྱད་ཆོས་དང་དགེ་མཚན། 

གཏམ་རྒྱུད་ཅེས་པ་ནི་ཁ་ཏ་བསླབ་བྱ་བྱེད་པའི་གཏམ་རྒྱུད་ཀྱི་རྣམ་པའི་ཐོག་ནས་གནས་ལུགས་བརྗོད་པའི་རྩོམ་རིག་གི་བརྩམས་ཆོས་ཤིག་རེད། དེ་དག་མང་ཆེ་བ་འུད་སྒྲོག་དང་བསམ་བཀོད་བཞིན་ཚིག་རྣོ་པོ་སྤྱོད་པ་དང་ཡིག་འབྲུ་བརྒྱ་གྲངས་བྱས་ཤིང་ཟུར་ཟའི་དོན་སྙིང་དང་སློབ་གསོའི་དོན་སྙིང་ལྡན་པའི་སྒྲུང་ཐུང་གྲས་ཡིན། གཏམ་རྒྱུད་ནང་གི་བརྗོད་གཞི་གཙོ་བོ་མིའི་རིགས་ཡོད་ལ་སྲོག་ཆགས་ཀྱི་རིགས་ཀྱང་ཡོད་པ་མ་ཟད་ཐ་ན་བེམ་པོ་ཡང་ཡོད། གཙོ་དོན་ལ་ཤུགས་བསྟན་རང་བཞིན་ལྡན་དགོས་པ་ནི་གཏམ་རྒྱུད་ཀྱི་གཞི་རྩའི་ཁྱད་ཆོས་ཡིན། དེས་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་གནས་ལུགས་མང་པོ་ཞིག་སྟབས་བདེ་བའི་སྒྲུང་གི་ནང་ནས་མཚོན་པར་བྱེད་ཀྱི་ཡོད། ཁྲུན་ཆིའུ་ཀྲན་གོའི་དུས་ནས་ཀྲུང་གོའི་གཏམ་རྒྱུད་གསར་རྩོམ་བྱ་རྒྱུ་ཧ་ཅང་རྒྱས་པོ་ཆགས་ཟིན་ཡོད། 《ཀྲོང་ཙེ》དང་། 《ཧན་ཧྥའེ་ཙེ》སོགས་ཀྱི་ནང་ཕུལ་དུ་བྱུང་བའི་གཏམ་རྒྱུད་མང་པོ་ཡོད།


བརྡ་འགྲེལ་གདོང་འཛར།

གཏམ་རྒྱུད། 《ཀྲོང་ཙེ》 《ཧན་ཧྥའེ་ཙེ》
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-10

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།