ཐང་རྒྱལ་རབས་དུས་འགོའི་མཁས་ཆེན་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐང་རྒྱལ་རབས་དུས་འགོའི་མཁས་ཆེན་བཞི།
ཐང་རྒྱལ་རབས་ཀྱི་དུས་འགོའི་མཁས་ཆེན་བཞི་ཞེས་པ་ནི་ལུའུ་ཀྲའོ་ལིན(ཧ་ལམ་སྤྱི་ལོ636-695བར་འཚོ་ཞིང་། བརྩམས་ཆོས་ལ《ལུའུ་ཧྲེང་ཀྲེ་ཡི་སྙན་ངག་ཕྱོགས་བསྒྲིགས》དང《ཡིའུ་ཡའུ་ཙེ་ཡི་སྙན་ངག་ཕྱོགས་བསྒྲིགས》 དང་། ལོ་པིན་ཝང(ཧ་ལམ626ཡང་ན627རྗེས། དེའི་བརྩམས་ཆོས་ལ《ལོ་པིན་ཝང་གི་སྙན་ངག་ཕྱོགས་བསྒྲིགས》དང་། ཝང་པོ། (649~675)བརྩམས་ཆོས་ལ《ཝང་ཙེ་ཨན་གྱི་སྙན་ངག་ཕྱོགས་བསྒྲིགས》དང་། ཡང་ཅུང་། 《650~?》བརྩམས་ཆོས་ལ《ཡིང་ཁྲོན་གྱི་སྙན་ངག་ཕྱོགས་བསྒྲིགས》བཅས་བཞི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
初唐四杰
ཕྱི་ཡིག་གི་མིང་།
Chu Tang si jie
དུས་སྐབས།
ཐང་རྒྱལ་རབས།
ཁོངས་གཏོགས།
ལོ་རྒྱུས་མཁས་ཆེན།
ལས་རིགས།
རྩོམ་རིག་མཁས་ཆེན།
ཚབ་མཚོན་བརྩམས་ཆོས།
《ཡིང་ཁྲོན་གྱི་སྙན་ངག་ཕྱོགས་བསྒྲིགས》སོགས།
1 ནང་དོན་མདོར་བསྟན། 
1_1 བྱུང་འཕེལ། 

ཕོ་བྲང་ནང་གི་རིག་གནས་པ་ཚོས་སྔར་བཞིན་སྙན་ངག་རྩོམ་རྒྱུ་ནི་རྣམ་ཀུན་འཚོ་བའི་ནང་གི་རོལ་རྩེད་ཅིག་ལ་བརྩི་བའི་དུས་སྐབས་སུ་སྙན་ངག་པ་ཁག་གཅིག་བྱོན་པ་དེ་དག་གིས་ཐང་རྒྱལ་རབས་ཀྱི་སྙན་ངག་ལ་འགྱུར་ལྡོག་བཏང་ཞིང་། དེ་ནས་བཟུང་ཐང་རྒྱལ་རབས་ཀྱི་སྙན་ངག་ལ་སྐྱེས་སྟོབས་ཀྱི་དཔལ་འབར་བའི་འགོ་ཚུགས་ཤིང་། སྙན་ངག་པ་དེ་དག་གི་ཁྲོད་ནས་ཕུལ་དུ་བྱུང་བ་ནི་ཐང་རྒྱལ་རབས་ཀྱི་དུས་འགོའི་མཁས་ཆེན་བཞི་ཡིན།

1_2 གྲུབ་འབྲས་དང་ཤུགས་རྐྱེན། 

ཐང་རྒྱལ་རབས་ཀྱི་དུས་འགོའི་མཁས་ཆེན་བཞི་ཞེས་པ་ནི་ལུའུ་ཀྲའོ་ལིན(ཧ་ལམ་སྤྱི་ལོ636-695བར་འཚོ་ཞིང་། བརྩམས་ཆོས་ལ《ལུའུ་ཧྲེང་ཀྲེ་ཡི་སྙན་ངག་ཕྱོགས་བསྒྲིགས》དང《ཡིའུ་ཡའུ་ཙེ་ཡི་སྙན་ངག་ཕྱོགས་བསྒྲིགས》 དང་། ལོ་པིན་ཝང(ཧ་ལམ626ཡང་ན627རྗེས། དེའི་བརྩམས་ཆོས་ལ《ལོ་པིན་ཝང་གི་སྙན་ངག་ཕྱོགས་བསྒྲིགས》དང་། ཝང་པོ། (649~675)བརྩམས་ཆོས་ལ《ཝང་ཙེ་ཨན་གྱི་སྙན་ངག་ཕྱོགས་བསྒྲིགས》དང་། ཡང་ཅུང་།  《650~?》བརྩམས་ཆོས་ལ《ཡིང་ཁྲོན་གྱི་སྙན་ངག་ཕྱོགས་བསྒྲིགས》བཅས་བཞི་ཡིན། ཁོ་ཚོ་ནི་ལོ་ན་ཕྲ་ཡང་ཕུགས་བསམ་ཆེ་བ་དང་། ཡོན་ཏན་ཡོད་ཀྱང་གནས་བབས་དམའ་པོ་ཡིན། དེར་བརྟེན་ཁོ་ཚོས་སྙན་ངག་རྩོམ་དུས་ཕོ་བྲང་ནང་གི་གནས་ཚུལ་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་མི་ཚེར་བསམ་གཞིགས་བྱེད་པ་དང་། བརྗོད་བྱ་རྒྱ་ཆེན་པོ་མཚོན་པར་བྱེད་ལ། རྣམ་པ་ཉམས་དང་ལྡན་པར་བྱས་པས་རྒྱལ་རབས་དྲུག་ནས་ཐང་གི་དུས་འགོའི་བར་གྱི་བརྗོད་བྱས་སྟོང་པའི་སྙན་ངག་རྩོམ་པའི་རྣམ་པར་ཐོག་མར་འགྱུར་ལྡོག་བྱུང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-24

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།