ཨ་རིའི་དྲ་གྲུག་འགྲན་སྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིའི་དྲ་གྲུག་འགྲན་སྡུར།
ཨ་རིའི་དྲ་གྲུག་འགྲན་སྡུར(U.S. Open)ཞེས་པ་ལོ་རེ་ཡི་རྣམ་གྲངས་བཞི་པ་དེ་ཆེས་མཐའ་མཇུག་གི་དྲ་གྲུག་འགྲན་སྡུར་ཆེ་གྲས་ཤིག་ཡིན་ལ། དེ་ནི་ཨ་རིའི་ཉིའུ་ཡུའེ་གྲོང་ཁྱེར་དུ་ལོ་རེའི་ཟླ་བརྒྱད་པའི་ཟླ་མཇུག་ནས་ཟླ་དགུ་པའི་ཟླ་སྟོད་བར་དུ་ཚོགས་ཀྱི་ཡོད། འགྲན་སྡུར་ལ་སྐྱེས་པའི་རྐྱང་འགྲན་དང་། སྐྱེས་མའི་རྐྱང་འགྲན། སྐྱེས་པ་དང་སྐྱེས་པའི་ཟུང་འགྲན། གཞན་སྐྱེས་པ་དང་སྐྱེས་མ་ཟུང་འབྲེལ་གྱིས་ཟུང་འགྲན་བཅས་སུ་དབྱེ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
美国网球公开赛
འགྲན་སྡུར་ཡུན།
ལོ་རེ་རེ་ཡི་ཟླ་བརྒྱད་པའི་ཟླ་མཇུག་ནས་ཟླ་དགུ་པའི་ཟླ་སྟོད།
ཕྱི་ཡིག་གི་མིང་།
U.S. Open
བྱ་དགའ།
ཨ་སྒོར།US$ 54,000,000
འགྲན་གནས།
ཨ་རིའི་ཉིའུ་ཡུའེ།
གཞུང་ཕྱོགས་དྲ་བ།
http://www.usopen.org/
1 ​ངོ་སྤྲོད། 

ཨ་རིའི་དྲ་གྲུག་འགྲན་སྡུར(U.S. Open)ཞེས་པ་ལོ་རེ་ཡི་རྣམ་གྲངས་བཞི་པ་དེ་ཆེས་མཐའ་མཇུག་གི་དྲ་གྲུག་འགྲན་སྡུར་ཆེ་གྲས་ཤིག་ཡིན་ལ། དེ་ནི་ཨ་རིའི་ཉིའུ་ཡུའེ་གྲོང་ཁྱེར་དུ་ལོ་རེའི་ཟླ་བརྒྱད་པའི་ཟླ་མཇུག་ནས་ཟླ་དགུ་པའི་ཟླ་སྟོད་བར་དུ་ཚོགས་ཀྱི་ཡོད། འགྲན་སྡུར་ལ་སྐྱེས་པའི་རྐྱང་འགྲན་དང་། སྐྱེས་མའི་རྐྱང་འགྲན། སྐྱེས་པ་དང་སྐྱེས་པའི་ཟུང་འགྲན། གཞན་སྐྱེས་པ་དང་སྐྱེས་མ་ཟུང་འབྲེལ་གྱིས་ཟུང་འགྲན་བཅས་སུ་དབྱེ་ཡོད། 

2 བྱུང་འཕེལ། 

.pngཨ་རིའི་ཡོངས་བསྒྲགས་དྲ་གྲུག་འགྲན་སྡུར་ཐོག་མ་དེ་སྤྱི་ལོ1881ལོར་ལུའོ་ཏེ་གླིང་ཕྲན་གྱི་གྲུ་ཁ་གསར་པར་གཉེར་ལ། སྐབས་དེར་རྒྱལ་ཁབ་ནང་ཁུལ་དུ་འགྲན་སྡུར་སྤེལ་ཞིང་། སྐྱེས་པའི་རྐྱང་འགྲན་ཁོ་ན་ལས་གཞན་མེད་ལ། ཟླ་བརྒྱད་པ་ནས་ཟླ་དགུ་པའི་བར་སྤེལ་བཞིན་ཡོད། རྗེས་ནས་རིམ་གྱིས་འཕེལ་རྒྱས་བྱུང་སྟེ་སྐྱེས་པ་དང་། སྐྱེས་མའི་རྐྱང་འགྲན་དང་ཟུང་འགྲན་སོགས་རྣམ་གྲངས་བཞི་རུ་འཕེལ། སྤྱི་ལོ1887ལོར་སྐྱེས་མའི་དྲ་གྲུག་འགྲན་སྡུར་མགོ་བརྩམས་ཤིང་། སྤྱི་ལོ1968ལོར་ཨ་རིའི་དྲ་གྲུག་གི་རྣམ་གྲངས་བཞིའི་གྲས་སུ་བདམས་ནས་འགྲན་སྡུར་རྣམ་གྲངས5རུ་བསྒྱུར། སྤྱི་ལོ1970ལོར་ཨ་རིའི་ཡོངས་བསྒྲགས་དྲ་གྲུག་འགྲན་སྡུར་ཞེས་མིང་བཅོས་ཏེ། ཨ་རིའི་དྲ་གྲུག་ལོ་རྒྱས་སུ་སྐྱེས་པའི་འགྲན་སྡུར་ཨང་དང་པོ་དེ་ཉིའུ་པོ་ཐེ་སྤྲོ་སྐྱིད་ཁང་གི་ཁ་ཤིས་ནུའོ་ལ་ཐོབ་ཅིང་། སྐབས་དེར་་ཨ་རིའི་རྒྱལ་ཁབ་དྲ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོ་འགོད་བྱས་པའི་སྤྲོ་སྐྱིད་ཁང་དུ་གཞི་ནས་ཨ་རིའི་དྲ་བའི་འགྲན་སྡུར་ནང་ཞུགས་རྒྱུའི་ཐོབ་ཐང་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུས་རྩལ། སྤོ་ལོའི་ལུས་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-10-16

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།