མཆོང་སྟེགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཆོང་སྟེགས།
མཆོང་སྟེགས་ནི་ལྡེམ་ཤུགས་མེད་པའི་སྲ་ལ་བརྟན་པའི་སྟེགས་བུ་ཞིག་ཡིན། སྟེགས་བུ་དེ་ཆུ་ངོས་ལས་མཐོ་ཚད་སྨི5ཅན་དང་། སྨི7.5ཅན། སྨི10ཅན་བཅས་རིགས་གསུམ་དུ་འདུ་ཞིང་། ཨོ་རྩལ་འགྲན་ཚོགས་དང་། འཛམ་གླིང་ལེགས་སྐྱེས་འགྲན་སྡུར། འཛམ་གླིང་བུམ་པའི་འགྲན་སྡུར་བཅས་སུ་སྨི10ཅན་གྱི་སྟེགས་བུ་སྤྱོད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
10米跳台
སྡེ།
ལུས་རྩལ།
རིགས།
ཆུ་ཐོག་ལུས་རྩལ།
ཁྱབ་ཁོངས།
ཆུར་མཆོང་པ།
1 ​ངོ་སྤྲོད། 

མཆོང་སྟེགས་ནི་ལྡེམ་ཤུགས་མེད་པའི་སྲ་ལ་བརྟན་པའི་སྟེགས་བུ་ཞིག་ཡིན། སྟེགས་བུ་དེ་ཆུ་ངོས་ལས་མཐོ་ཚད་སྨི5ཅན་དང་། སྨི7.5ཅན། སྨི10ཅན་བཅས་རིགས་གསུམ་དུ་འདུ་ཞིང་། ཨོ་རྩལ་འགྲན་ཚོགས་དང་། འཛམ་གླིང་ལེགས་སྐྱེས་འགྲན་སྡུར། འཛམ་གླིང་བུམ་པའི་འགྲན་སྡུར་བཅས་སུ་སྨི10ཅན་གྱི་སྟེགས་བུ་སྤྱོད་བཞིན་ཡོད། མཆོང་སྟེགས་ལ་གཞིགས་ཏེ་ཆུར་མཆོང་བའི་ཁ་ཕྱོགས་དང་འགུལ་སྟངས་ལས་མདུན་ཕྱོགས་སམ། རྒྱབ་ཕྱོགས། ནང་ཕྱོགས་སོགས་རིམ་པ་དྲུག་གིས་གྲུབ་ཡོད། འགྲན་སྡུར་སྐབས་སུ་སྐྱེས་པས་དཀའ་ཚད་ལ་ཚད་བཀག་ཡོད་པའི་རང་འདེམས་བྱ་སྤྱོད4དང་། དཀའ་ཚད་མེད་ཅིང་ཚད་བཀག་ཡོད་པའི་རང་འདེམས་བྱ་སྤྱོད6ལེགས་འགྲུབ་ཡོང་དགོས། སྐྱེས་མ་ཚོས་དཀའ་ཚད་ལ་ཚད་བཀག་ཡོད་པའི་རང་འདེམས་བྱ་སྤྱོད4དང་། དཀའ་ཚད་མེད་པའི་གྲངས་གཞིའི་ཚོད་འཛིན་གྱི་རང་འདེམས་བྱ་སྤྱོད4ལེགས་འགྲུབ་བྱེད་དགོས། འགུལ་སྟངས་ཚང་མ་ལེགས་འགྲུབ་བྱུང་ཚེ་སྐར་མ10ཐོབ་པ་དང་། འགུལ་སྟངས་ཚང་མ་ལེགས་གྲུབ་བྱུང་རྗེས་ཀྱི་ཐོབ་སྐར་གྲངས་ལ་གཞིགས་ནས་གཏན་འཁེལ་བྱས་པ་དང་། སྤྱིའི་སྐར་གྲངས་མཐོ་བའི་ཨང་རིམ་མདུན་གྲལ་དུ་སླེབས་ཡོད། སྐྱེས་པ་དང་སྐྱེས་མའི་མཆོང་སྟེགས་སྤྱི་ལོ1904ལོ་དང་། སྤྱི་ལོ1912ལོར་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ནང་བཅུག་པ་རེད།

2 སྒྲིག་སྲོལ། 

1.ཆུར་མཆོང་འགྲན་སྡུར་གྱི་སྒྲིག་སྲོལ་གཏན་འབེབས་ལྟར་དཀའ་ཚད་ཚད་གྲངས་ཅན་གྱི་རང་འདེམས་འགུལ་སྟངས་དང་། དཀའ་ཚད་མེད་ཅིང་ཚད་གྲངས་ཅན་གྱི་རང་འདེམས་འགུལ་སྟངས་རིགས་གཉིས་སུ་དབྱེ། 

2.འགྲན་སྡུར་རྣམ་གྲངས་སྐབས་སུ་ལུས་རྩལ་པ་རྣམས་ཀྱིས་མཆོང་རྩལ་ཡོངས་རྫོགས་མངོན་དགོས་པ་དང་། དེ་ལྟར་སྐར་འབྲས་མཐོ་དམའ་ལྟར་རྒྱལ་ཕམ་ཐག་གཅོད་བྱེད་དགོས། 

3.ཆུར་མཆོང་འགྲན་སྡུར་གྱི་འགུལ་སྟངས་ངེས་པར་དུ་ཆུ་ལ་མཆོང་བའི་འགྲན་སྡུར་སྒྲིག་སྲོལ་གྱི་ཚད་གཞི་ལྟར་འདེམ་དགོས། 

4.པང་ལེབ་སྟེང་ཆུར་མཆོང་འགྲན་སྡུར་ལ་ཕོ་མོ་གཉིས་སུ་ཕྱེ་ནས་དཀའ་ཚད་མེད་པའི་གྲངས་ཚད་དྲུག་དང་ལྔ་ཡོད་པའི་རང་འདེམས་བྱ་སྤྱོད་དང་དེ་བཞིན་ཁག་སོ་སོར་དཀའ་ཚད་ཡོད་པའི་གྲངས་གཞིར་ཚོད་འཛིན་ཡོད་པའི་རང་འདེམས་བྱ་སྤྱོད་ལྔ་ཡོད་ཅིང་། དེའི་དཀའ་ཚད་གྲངས་ཚད་ཀྱི་བསྡོམས་འབོར9.5ལས་བརྒལ་མི་ཆོག 

5.སྟེགས་བུའི་སྟེང་ཆུར་མཆོང་འགྲན་སྡུར་ལ་ཕོ་མོ་གཉིས་སུ་ཕྱེ་ནས་དཀའ་ཚད་མེད་པའི་གྲངས་ཚད་དྲུག་དང་ལྔ་ཡོད་པའི་རང་འདེམས་བྱ་སྤྱོད་དང་དེ་བཞིན་ཁག་སོ་སོར་དཀའ་ཚད་ཡོད་པའི་གྲངས་གཞིར་ཚོད་འཛིན་ཡོད་པའི་རང་འདེམས་བྱ་སྤྱོད་ལྔ་ཡོད་ཅིང་། དེའི་དཀའ་ཚད་གྲངས་ཚད་ཀྱི་བསྡོམས་འབོར7.6ལས་བརྒལ་མི་ཆོག 

6. རྒྱལ་སྤྱིའི་ཆུ་རྐྱལ་ལག་རྩལ་ཨུ་ལྷན་གྱིས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་དང་འགྲན་སྡུར་ཚང་མར་གྲ་སྒྲིག་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་བྱེད་དགོས་པ་དང་གྲ་སྒྲིག་འགྲན་སྡུར་ཁྲོད་གྲུབ་འབྲས་ཡག་ཤོས་ཐོབ་པའི་ལུས་རྩལ་པ་བཅུ་གཉིས་བདམས་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་དགོས་པའི་གཏན་འབེབས་བྱས་པ་རེད། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་བྱེད་སྐབས་ངེས་པར་དུ་གྲ་སྒྲིག་འགྲན་སྡུར་གྱི་བྱ་སྤྱོད་ཚང་མ་བསྐྱར་ཟློས་བྱེད་དགོས་པ་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་སྡུར་གྱི་སྦྱངས་འབྲས་སྤྱིའི་སྐར་གྲངས་མང་བ་དེ་ཕུལ་བྱུང་གི་རྒྱལ་ཁ་ཐོབ་པ་དང་རང་རྒྱལ་གྱིས་ཀྱང་གཏན་འབེབས་དེ་ལྟར་བྱས་ཡོད།

7.ལུས་རྩལ་པའི་འགྲན་སྡུར་གྱི་འགུལ་སྟངས་དེ་ངེས་པར་དུ་ཚན་ཆུང་མི་འདྲ་བའི་ཁྲོད་འདེམས་དགོས་པ་ལས་བསྐྱར་ཟློས་བྱེད་མི་རུང་།

8.འགྲན་སྡུར་བྱེད་སྐབས་ལུས་རྩལ་པས་བདམས་པའི་སྟངས་སྟབས་རེ་རེ་ངེས་པར་དུ་ཐེངས་གཅིག་ལ་འགྲུབ་དགོས་པ་ལས་ཡང་བསྐྱར་ལྡིང་མི་རུང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-09

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།