ཤི་སོང་བའི་གླང་འཛིང་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤི་སོང་བའི་གླང་འཛིང་པ།
《ཤི་སོང་བའི་གླང་འཛིང་པ》ཞེས་པའི་རི་མོ་འདི་ནི་མཱ་ནའེ་ཡིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1865ལོར་བྲིས། ཆེ་ཆུང་ལ76×153.3cmཡོད། སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་ཨ་རིའི་ཧྭ་ཧྲིན་ཏུན་རྒྱལ་ཁབ་སྒྱུ་རྩལ་བར་འཁྱམས་སུ་ཉར་ཡོད།
གཞི་རྩའི་གནས་ཚུལ།

མིང་།
ཤི་སོང་བའི་གླང་འཛིང་པ།
རྒྱ་ཡིག་གི་མིང་།
死了的斗牛士
རྩོམ་པ་པོ།
མཱ་ནའེ།
རྒྱ་ཡིག་གི་མིང་།
爱杜尔·马奈
རྒྱལ་ཁབ།
ཧྥ་རན་སི།
བརྩམས་པའི་ལོ།
སྤྱི་ལོ1865ལོ།
ཆེ་ཆུང་།
76×153.3cm
རིགས།
སྣུམ་ཚོན་རི་མོ།
1 ངོ་སྤྲོད།

《ཤི་སོང་བའི་གླང་འཛིང་པ》ཞེས་པའི་རི་མོ་འདི་ནི་མཱ་ནའེ་ཡིས་བརྩམས་ཤིང་། ཧྥ་རན་སི་རྒྱལ་ཁབ་ཀྱི་རི་མོ་ཞིག་ཡིན། སྤྱི་ལོ1865ལོར་བྲིས། ཆེ་ཆུང་ལ76×153.3cmཡོད། སྣུམ་ཚོན་རི་མོ་ཞིག་ཡིན། ད་ལྟ་ཨ་རིའི་ཧྭ་ཧྲིན་ཏུན་རྒྱལ་ཁབ་སྒྱུ་རྩལ་བར་འཁྱམས་སུ་ཉར་ཡོད།

མཱ་ནའེ་ཡིས་སྔོན་ཆད་འོད་དང་མུན་པའི་བསྡུར་བ་བེད་སྤྱད་དེ《ཤི་ཟིན་པའི་གླང་འཛིང་པ》ཞེས་པའི་སྣུམ་ཚོན་རི་མོ་ཞིག་བྲིས་ཏེ་མི་ཤི་བའི་མཇུག་འབྲས་བརྒྱུད་བསྒྲགས་བྱས་པ་རེད། བརྩམས་ཆོས་འདིའི་ནང་དུ། འོད་དང་མུན་པའི་བར་གྱི་བསྡུར་བ་ཧ་ཅང་གཅིག་མཐུན་ཡིན་པ་དང་། འོད་དང་མུན་པའི་གྲངས་ཐང་གི་གྲངས་ཀ་ཡང་ཧ་ཅང་ཉུང་། དེར་བརྟེན་ལྟད་མོ་བས་ཕལ་ཆེར་སྐད་ཅིག་ཉིད་ལ་པར་ངོས་ཚང་མ་གསལ་པོ་མཐོང་ཐུབ་པ་དང་། པར་ལེན་དང་འདྲ་བའི་དངོས་ཡོད་ཀྱི་སྣང་བརྙན་ཞིག་མཐོང་བ་འདྲ། དེ་ལས་གཞན་རི་མོའི་ཁྲོད་ཀྱི་འོད་དང་མུན་ནག་གི་ཁྱབ་ཁོངས་སོ་སོ་ལས་གྲུབ་པའི་རྣམ་པ་ཧ་ཅང་དྲག་པོ་ཡིན་པས། ང་ཚོས་གླང་འཛིང་པའི་ལུས་ཕུང་ལ་ལྟ་སྐབས། ཁོའི་མཐའ་འཁོར་གྱི་བར་སྟོང་དང་ང་ཚོ་གནས་པའི་བར་སྟོང་གཅིག་འདྲ་ཡིན་པའི་སྣང་བ་སྟེར་མི་སྲིད། གླང་འཛིང་མཁན་གྱི་རྐང་བའི་སྟེང་གི་ལྷམ་སྲབ་མོ་དང་འབོབ་རིང་གཉིས་ཀྱིས་རི་མོའི་ངོས་ཀྱི་གནས་ལ་བལྟ་མཁན་རྣམས་ཀྱིས་དེ་དག་རྒྱང་རིང་གི་སྣེ་གཅིག་ཏུ་ཡོད་པར་འདོད་མོད། འོན་ཀྱང་མཱ་ནའེ་ཡིས་སྤྱིར་བཏང་གི་མིའི་མཐོང་ཚོར་གྱི་ཉམས་མྱོང་དང་འགལ་ནས་དེ་དག་གི་མདུན་གྱི་སྐྲ་དང་ངོ་གདོང་དང་འདྲ་བར་མངོན་གསལ་གྱི་བསྡུར་བ་ཡོད། མཚོན་ཐབས་དེ་རིགས་ཀྱིས་ལྟད་མོ་ལྟ་མཁན་གྱི་མཐོང་ཚོར་གྱི་འགོག་རྐྱེན་ཞིག་བཟོས་ཏེ་ལྟད་མོ་ལྟ་མཁན་དང་གླང་འཛིང་པ་གནས་སའི་འཆི་བའི་འཇིག་རྟེན་བར་མཚམས་བཅད་པ་རེད། དེས་ང་ཚོར་གླང་འཛིང་བ་ཤི་བ་ནི་རང་བྱུང་དང་གློ་བུར་དུ་བྱུང་བ་ཞིག་མིན་པ་ཚོར་བྱུང་། མཱ་ནའེ་ཡིས་ལྟད་མོ་བར་དངོས་ཡོད་ཀྱི་བག་ཆགས་འདི་ཐོབ་ཆེད་གླང་འཛིང་པ་དེའི་ངོ་གདོང་སྡུག་བསྔལ་དང་ཡིད་སྐྱོ་བའི་གདོང་རིས་ཤིག་ཏུ་བྲིས་མེད་པ་དང་། དེ་ལས་ལྡོག་སྟེ་ཁོའི་བག་ཕེབས་ཀྱི་རྣམ་འགྱུར་དང་བསྟུན་ནས་ང་ཚོར་འཆི་བའི་གོ་དོན་མི་འདྲ་བ་གཞན་ཞིག་བྱུང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-01

གསར་སྤེལ་མཁན། :རྩེ་ཉི་མ་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།