བྱ་ཕོ་ཙི་ཙི་མཆོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱ་ཕོ་ཙི་ཙི་མཆོག
ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་པོ་ཆུང་ལ་རྟིང་པ་རིང་བ་གཉིས་གསུམ་ཙམ་མགོ་སྦྲེལ་ནས་སྐྱེ་བ་དང༌། ལོ་མ་སྔོ་ལྗང་སྲབ་ཅིང་སྣུམ་པ་སྐྱེས་པ་དོང་བཏགས་ཀྱི་ལོ་མའི་དབྱིབས་འདྲ་ཡང་དེ་ལས་གྲངས་ཉུང་ཞིང་མཐའ་མཉམ་པ། ངར་པ་ཕྲ་ལ་རིང་བ་གསུམ་བཞི་ཙམ་སྐྱེ་བའི་དཀྱིལ་ནས་སྡོང་པོ་ལྗང་སེར་ཕྲ་ལ་རིང་བར་ཡལ་ག་ཡོད་པ་དང་མེད་པ་སྣ་ཚོགས་མཆིས་ཤིང༌། སྡོང་པོའི་ལོ་མ་ཆུང་བ་དང༌། མེ་ཏོག་སྔོ་དཀར་གཡུ་མདོག་སྡོང་པོའི་སྟོད་ཆ་ནས་བང་རིམ་དུ་འཆར་བ་དེའོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弯花紫堇
ཁོངས་གཏོགས།
སྔོ་སྨན་གྱི་རིགས།
1 ངོ་སྤྲོད།

ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་པོ་ཆུང་ལ་རྟིང་པ་རིང་བ་གཉིས་གསུམ་ཙམ་མགོ་སྦྲེལ་ནས་སྐྱེ་བ་དང༌། ལོ་མ་སྔོ་ལྗང་སྲབ་ཅིང་སྣུམ་པ་སྐྱེས་པ་དོང་བཏགས་ཀྱི་ལོ་མའི་དབྱིབས་འདྲ་ཡང་དེ་ལས་གྲངས་ཉུང་ཞིང་མཐའ་མཉམ་པ། ངར་པ་ཕྲ་ལ་རིང་བ་གསུམ་བཞི་ཙམ་སྐྱེ་བའི་དཀྱིལ་ནས་སྡོང་པོ་ལྗང་སེར་ཕྲ་ལ་རིང་བར་ཡལ་ག་ཡོད་པ་དང་མེད་པ་སྣ་ཚོགས་མཆིས་ཤིང༌། སྡོང་པོའི་ལོ་མ་ཆུང་བ་དང༌། མེ་ཏོག་སྔོ་དཀར་གཡུ་མདོག་སྡོང་པོའི་སྟོད་ཆ་ནས་བང་རིམ་དུ་འཆར་བ་སྟེ། བོད་ཀྱི་ས་གནས་མང་པོའི་རི་མཐོའི་བྲག་འོག་དང༌། ཤིང་མ་ལྡུམ་གྱི་གསེབ་སོགས་སུ་སྐྱེ་བ་ཡིན། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ཞིང་སྐམ་པས་བུད་མེད་ཀྱི་ཟླ་མཚན་འབྱམས་པ་དང༌། སྣ་ཁྲག རྩ་ཁྲག་སོགས་ཁྲག་ཤོར་གྱི་རིགས་གཅོད་པར་བྱེད་པ་ཡིན།

2 ​སྐྱེ་གནས།

བོད་ཀྱི་ས་གནས་མང་པོའི་རི་མཐོའི་བྲག་འོག་དང༌། ཤིང་མ་ལྡུམ་གྱི་གསེབ་སོགས་སུ་སྐྱེ།

3 སྦྱར་བྱ།

ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད།

4 ངོ་བོ།

རོ་ཁ་ལ་བསྐ་བ། ཞུ་རྗེས་ཁ་བ། 

5 ཕན་ནུས།

ནུས་པ་བསིལ་ཞིང་སྐམ་པས་བུད་མེད་ཀྱི་ཟླ་མཚན་འབྱམས་པ་དང༌། སྣ་ཁྲག རྩ་ཁྲག་སོགས་ཁྲག་ཤོར་གྱི་རིགས་གཅོད་པར་བྱེད་པ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-28

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།