ཨ་མེ་རི་ཁའི1787ལོའི་རྩ་ཁྲིམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མེ་རི་ཁའི1787ལོའི་རྩ་ཁྲིམས།
སྤྱི་ལོ1787ལོའི་ཨ་མེ་རི་ཁའི་རྩ་ཁྲིམས་ནི་འཛམ་གླིང་ཉེ་རབས་ལོ་རྒྱུས་ཐོག་གི་ཅུང་ཆ་ཚང་བའི་ཡིག་བཀོད་རྩ་ཁྲིམས་དང་པོ་ཡིན་པ་དང་། རྩ་ཁྲིམས་འདིར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་ཕྱི་འབྲེལ་སོགས་ཀྱི་དབང་ཆ་ཡོད་པ་ཐག་བཅད་ཡོད་ལ། རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དུ་བཏང་ཡོད། དེ་ནི“དབང་གསུམ་དབྱེ་ཕྲལ”གཞིར་བཟུང་ནས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་འགན་དབང་དེ་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་སྡེ་ཁག་གསུམ་ལ་དབྱེ་ཡོད་པ་དང་། དེ་དག་སོ་སོ་སྲིད་འཛིན་དང་ཆེས་མཐོའི་ཁྲིམས་ཁང་། རྒྱལ་ཚོགས་བཅས་ཀྱིས་དབང་འཛིན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
1787宪法,也称美国宪法
ཕྱི་ཡིག་གི་མིང་།
Constitution of the United States或U.S. Constitution
ཤུགས་རྐྱེན།
ཨ་མེ་རི་ཀའི་ཆབ་སྲིད་ལམ་ལུགས་ཀྱི་བཅའ་ཁྲིམས་ཀྱི་རྨང་གཞི་བཏིང་།
རྒྱབ་ལྗོངས།
རང་བཙན་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ།
1 ངོ་སྤྲོད། 

སྤྱི་ལོ1787རྩ་ཁྲིམས་ནི་ཨ་རིས་སྤྱི་ལོ1787ལོར་གཏན་འཁེལ་བྱས་པའི་ནུས་པ་ཐོན་པའི་ཨ་རི་དང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་ཤིག་ཡིན་ལ། འཛམ་གླིང་ཐོག་ཅུང་ཆ་ཚང་བའི་འབྱོར་ལྡན་གྲལ་རིམ་གྱི་ཡིག་འཁོད་རྩ་ཁྲིམས་ཤིག་ཀྱང་ཡིན། དེས་ཨ་རིའི་ཆབ་སྲིད་ལམ་ལུགས་ཀྱི་བཅའ་ཁྲིམས་རྨང་གཞི་བཏིང་བ་དང་། གཏན་འབེབས་བྱས་རྗེས་ཀྱི་ལོ་མང་པོའི་རིང་ལ་དག་བཅོས་འཆར་ཟིན་དོན་ཚན27ཟུར་བཀོད་བྱས་ཡོད་པ་དང་། ད་ལྟའི་བར་དུ་མུ་མཐུད་དུ་ནུས་པ་ཐོན་ཡོད། སྤྱི་ལོ1787ལོར་རྩ་ཁྲིམས་ནང་རྒྱལ་ཁབ་ཀྱི་ཁེ་དབང་ལ་ཤུགས་སྣོན་རྒྱག་དགོས་པ་ནན་བཤད་བྱས་ཡོད་ལ། ཁེ་དབང་གྲུབ་ཚུལ་ཁྲོད་ཡང“དབང་བགོ་དང་ཚོད་འཛིན”གྱི་རྩ་དོན་འབུར་དུ་ཐོན་པར་བྱས་ཏེ། དབང་ཆ་གཅིག་ཏུ་བསྡུས་དྲགས་པ་ལས་གཡོལ་ཐབས་བྱས་ཏེ། དམངས་གཙོའི་སྙིང་སྟོབས་ངེས་ཅན་ཞིག་མཚོན་ཡོད། དེའི་ནང་དོན་ནི་ཁྲིམས་འཛུགས་དང་། ཁྲིམས་འཛིན། སྲིད་འཛིན་དབང་ཆ་བཅས་དབང་ཆ་གསུམ་ལོགས་སུ་འཛུགས་རྒྱུ། དབང་ཆ་བགོས་ནས་སྙོམས་སྒྲིག་བྱེད་པའི་སྲོག་ཤིང་གི་དགོངས་དོན་ནི་དབང་ཆ་དོ་མཉམ་ཡོང་བར་རག་ལས་ཡོད། དེའི་གཞུང་ལུགས་ནི་ལོ་ཁེ་དང་མེང་ཏེ་སི་ཅིའུ་སོགས་ནས་བྱུང་བ་དང་། ཨ་རི་བས་བསམ་བློ་དང་གཞུང་ལུགས་བྱ་སྤྱོད་དང་ལག་ལེན་དུ་བསྒྱུར་བ་རེད། སྲིད་གཞུང་གི་གྲུབ་ཚུལ་གྱིས་ངེས་པར་དུ་སྡེ་ཁག་སོ་སོའི་བར་ཚོད་འཛིན་དང་དོ་མཉམ་འོས་འཚམ་ཡོང་བར་བྱ་དགོས། དབང་ཆ་ནི་སྤྱི་དམངས་ཀྱི་ཕན་བདེ་དང་དྲང་བདེན་གྱི་དམིགས་ཡུལ་ལ་ཕན་ནུས་ལྡན་པའི་སྒོ་ནས་རང་གི་དོ་དམ་འགན་ནུས་སྤྱོད་དུ་འཇུག་པ་དང་། དུས་མཚུངས་སུ་དབང་ཆ་ཚོད་འཛིན་ལེགས་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་པའི་དབང་ཆ་དང་དབང་ཆ་དོ་མཉམ་ཡོང་བ་དང་། དོ་དམ་དང་ཚོད་འཛིན་བྱེད་དབང་གི་འགུལ་རྣམ་དོ་མཉམ་ཡོང་བ་བྱ་རྒྱུ་ནི་དབང་ཆ་བགོ་བ་དང་ཚོད་འཛིན་བྱེད་པའི་མཐའ་འབྲས་ཡིན། དབང་ཆ་བགོས་པ་དང་ཚོད་འཛིན་བྱས་པ་བརྒྱུད་མཐར་དོ་མཉམ་ཡོང་བ་བྱ་རྒྱུ་ནི་མཐའ་མའི་དམིགས་ཡུལ་ཡིན། 

2 ལོ་རྒྱུས་མདོར་བསྟན། 

སྤྱི་ལོ1787ལོའི་ཨ་མེ་རི་ཁའི་རྩ་ཁྲིམས་ནི་འཛམ་གླིང་ཉེ་རབས་ལོ་རྒྱུས་ཐོག་གི་ཅུང་ཆ་ཚང་བའི་ཡིག་བཀོད་རྩ་ཁྲིམས་དང་པོ་ཡིན་པ་དང་། རྩ་ཁྲིམས་འདིར་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་ཕྱི་འབྲེལ་སོགས་ཀྱི་དབང་ཆ་ཡོད་པ་ཐག་བཅད་ཡོད་ལ། རྒྱལ་ཁབ་ཀྱི་སྲིད་དབང་སྲ་བརྟན་དུ་བཏང་ཡོད། དེ་ནི“དབང་གསུམ་དབྱེ་ཕྲལ”གཞིར་བཟུང་ནས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་འགན་དབང་དེ་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་སྡེ་ཁག་གསུམ་ལ་དབྱེ་ཡོད་པ་དང་། དེ་དག་སོ་སོ་སྲིད་འཛིན་དང་ཆེས་མཐོའི་ཁྲིམས་ཁང་།རྒྱལ་ཚོགས་བཅས་ཀྱིས་དབང་འཛིན་བྱས་ཡོད། སྤྱི་ལོ1787ལོའི་རྩ་ཁྲིམས་སུ་སྲིད་འཛིན་དང་དབྱི་ཡོན་འདེམས་བསྐོ་བརྒྱུད་ནས་ཐོན་དགོས་པ་ཐག་གིས་བཅད་ཡོད་པས་དམངས་གཙོའི་རང་བཞིན་ངེས་ཅན་ཡོད་མོད། རྩ་ཁྲིམས་འདིར་སྔར་བཞིན་ཚད་བཀག་རང་བཞིན་ཡང་མངོན་གསལ་ཡོད་དེ། དཔེར་ན་བྲན་གཡོག་ལམ་ལུགས་གནས་ཆོག་པ་དང་། མི་རྒྱུད་ནག་པོ་དང་དབྱིན་ཏི་མན་པ་རྣམས་ལ་མི་རྒྱུད་དཀར་པོ་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་ཁས་མི་ལེན་ཞིང་། རྩ་ཁྲིམས་སུ་རྩ་བའི་ཆ་ནས་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་བརྗོད་མེད། སྤྱི་ལོ1789ལོར་འབྱོར་ལྡན་གྲལ་རིམ་དམངས་གཙོའི་ཕྱོགས་ཁག་གི་འབད་བརྩོན་བརྒྱུད་ནས་རྩ་ཁྲིམས་དོན་ཚན་བཅུ་གསར་དུ་བསྣན་ཏེ། མི་དམངས་ལ་སྨྲ་བརྗོད་དང་དཔར་སྐྲུན། ཚོགས་པ་འཛུགས་པ། འདུ་འཛོམས་དང་དད་མོས་སོགས་ཀྱི་རང་དབང་ཡོད་པ་གཏན་ལ་ཁེལ། སྤྱི་ལོ1787ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་ཀྱི་དབང་གིས་ཨ་མེ་རི་ཁ་འདི་ཉིད་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་བ་དང་། སྤྱི་མཐུན་ལམ་ལུགས་དངོས་སུ་བཙུགས་ཏེ་ཨ་རིའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-27

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།