བླུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྣོད་ནང་གི་གཤེར་བའི་རིགས་དང་འབྲུ་རིགས་སམ་དེ་དང་མཚུངས་པའི་དངོས་རྫས་སྣོད་གཞན་དུ་བྱོ་བའི་དོན།
1 ལོ་ཙཱ།

རྒྱ་ཡིག注,灌

དབྱིན་ཡིག irrigation

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས། (བྱེད་འབྲེལ་ལས་ཚིག་མ་འོངས་པ)①སྣོད་ནང་གི་གཤེར་བའི་རིགས་དང་འབྲུ་རིགས་སམ་དེ་དང་མཚུངས་པའི་དངོས་རྫས་སྣོད་གཞན་དུ་བྱོ་བའི་དོན་ཏེ། ཁོག་མར་ཆུ་བླུག་པར་བྱ་ལྟ་བུ། 【ལྡུག】ནི་ད་ལྟ་བ་སྟེ། ཇ་ལྡུག་མཁན། འབྲུ་རིགས་སྒྱེ་ནང་དུ་ལྡུག་དགོས། ཆུ་ལྡུག་གིན་འདུག་ལྟ་བུ། 【བླུགས】ནི་འདས་པ་དང་སྐུལ་ཚིག་སྟེ། འབྲུ་བླུགས་ནས་འབྲུ་མཛོད་བཀང་། ཆུ་བླུགས་ཤིག་ལྟ་བུ། ②དངོས་རྫས་བཞུས་པའི་གཤེར་ཁུ་པར་དབྱིབས་སྣ་ཚོགས་སུ་བླུགས་ནས་དངོས་རྫས་དབྱིབས་རྣམ་པ་སྣ་ཚོགས་བཟོས་པའི་དོན་ཏེ། ཁྲོ་བཞུས་ནས་ཟངས་ང་བླུགས། རྣོ་བཞུས་ནས་འཕྲུལ་འཁོར་གྱི་ལྷུ་ལག་ལྡུག་དགོས་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས། ཕོ་བར་ཇ་བླུག་པ་པོས་བླུག་བཞིན་པ་ལྟ་བུའམ་བླུག་རྒྱུ།   注,灌。【增】参看ལྡུད་པ།  ﹝达﹞ ﹙达作བླུག་པ﹚

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། (བྱེད་འབྲེལ་ལས་ཚིག) བླུགས་པའི་མ་འོངས་པ། སྣོད་ནང་གི་གཤེར་བའི་རིགས་དང་འབྲུ་རིགས་སམ་དེ་དང་མཚུངས་པའི་དངོས་རྫས་སྣོད་གཞན་དུ་བྱོ་བའི་དོན་ཏེ།  (དཔེར་ན)  ཁོག་མར་ཆུ་བླུག་པར་བྱ་ལྟ་བུ།

བརྡ་འགྲེལ་གདོང་འཛར།

དངོས་རྫས། བྱོ་བ། བླུགས། ཆུ་བླུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-27

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།