ཨུ་རུ་སུའི1812ལོའི་རྒྱལ་སྲུང་དམག་འཁྲུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨུ་རུ་སུའི1812ལོའི་རྒྱལ་སྲུང་དམག་འཁྲུག་ནི་ཨུ་རུ་སུས་ཧྥ་རན་སིའི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་རྒྱལ་སྲུང་དམག་འཁྲུག་ཐེངས་ཤིག་ཡིན། སྤྱི་ལོ1812ལོའི་ཟླ6པའི་ཚེས24ཉིན་ན་ཕོ་ལོན་སྐུ་ཕྲེང་དང་པོས་དམག་དཔུང་འབུམ5ལྷག་ཁྲིད་དེ་ཨུ་རུ་སུར་བཙན་འཛུལ་བྱས་པ་དང་། ཨུ་རུ་སུའི་དམག་གིས་དཔའ་ངར་ཞུམ་མེད་ཀྱིས་ངོ་རྒོལ་བྱས་ཤིང་། དཀའ་སྡུག་གི་འཐབ་འཁྲུག་བརྒྱུད་དེ་མཐར་ཧྥ་དམག་ཕམ་པར་བརྒྱབ། འདི་ནི་ན་ཕོ་ལོན་ལ་འཕྲད་པའི་ཕམ་ཁ་ཆེས་ཆེ་ཤོས་ཤིག་ཡིན། ཨུ་རུ་སུའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་རྒྱལ་ཁབ་བསྐྱབས་པ་མ་ཟད། རྒྱལ་ཁབ་ཀྱི་ལ་རྒྱ་དང་རང་བཙན་ཡང་སྲུང་སྐྱོབ་བྱས་ཡོད་པ་དང་། དེ་ལས་གཞན་རྒྱལ་སྲུང་དམག་འཁྲུག་གིས་ཨུ་རུ་སུའི་སྤྱི་ཚོགས་ལ་ཐེབས་པའི་སྒུལ་ཤུགས་ཀྱང་ཧ་ཅང་ཆེ་སྟེ། དེས་ཨུ་རུ་སུའི་བསམ་བློའི་ཁྱང་ཁོངས་འཕེལ་རྒྱས་ཡོང་བ་དང་། ཕུའུ་ཞི་ཅིན་གྱིས་གཙོ་བྱས་པའི་ཨུ་རུ་སུའི་མི་རིགས་རྩོམ་རིག་དར་བར་སྐུལ་འདེད་བྱས། རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་སྤྱིའི་དོན་སྙིང་ཤིན་ཏུ་གལ་ཆེ་བ་ཡོད་དེ། དེས་ན་ཕོ་ལོན་གྱི་དམག་དོན་སྟོབས་ཤུགས་ཉམས་དམས་སུ་བཏང་བ་མ་ཟད། ཧྥ་རན་སིས་ཡོབ་གླིང་དུ་བཙུགས་པའི་ཆབ་སྲིད་མ་ལག་ལ་རྩ་གཏོར་རང་བཞིན་གྱི་བརྡབ་གསིག་བཟོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
俄法1812年战争
ཁོངས་གཏོགས།
དམག་དོན།
དུས་སྐབས།
སྤྱི་ལོ1812ལོ།
འཐབ་ཞུགས་ཕྱོགས་ཁག
ཨུ་རུ་སིའི་བཙན་རྒྱལ། ཧྥ་རན་སི།
བཀོད་འདོམས་དམག་དཔོན།
ཁྲིམས་ནི་ཆི་དང་། མིའོ་ལ། ཏ་ཝུའུ། ནེ་དབྱི་བཅས་ཡིན། ཨུ་རུ་སུའི་པའར་ཁེ་ལའེ་དང་ཁུའུ་ཐུའུ་ཙུའོ་ཕུའུ།
མཇུག་འབྲས།
ཨུ་རུ་སུ་རྒྱལ་བ་དང་། ཧྥ་རན་སིའི་དམག་དཔུང་ཨུ་རུ་སུ་ནས་ཕྱིར་འཐེན་བྱས།
1 ངོ་སྤྲོད། 

ཨུ་རུ་སུའི1812ལོའི་རྒྱལ་སྲུང་དམག་འཁྲུག་ནི་ཨུ་རུ་སུས་ཧྥ་རན་སིའི་བཙན་འཛུལ་ལ་འགོག་རྒོལ་བྱས་པའི་རྒྱལ་སྲུང་དམག་འཁྲུག་ཐེངས་ཤིག་ཡིན། སྤྱི་ལོ1812ལོའི་ཟླ6པའི་ཚེས24ཉིན་ན་ཕོ་ལོན་སྐུ་ཕྲེང་དང་པོས་དམག་དཔུང་འབུམ5ལྷག་ཁྲིད་དེ་ཨུ་རུ་སུར་བཙན་འཛུལ་བྱས་པ་དང་། ཨུ་རུ་སུའི་དམག་གིས་དཔའ་ངར་ཞུམ་མེད་ཀྱིས་ངོ་རྒོལ་བྱས་ཤིང་། དཀའ་སྡུག་གི་འཐབ་འཁྲུག་བརྒྱུད་དེ་མཐར་ཧྥ་དམག་ཕམ་པར་བརྒྱབ། འདི་ནི་ན་ཕོ་ལོན་ལ་འཕྲད་པའི་ཕམ་ཁ་ཆེས་ཆེ་ཤོས་ཤིག་ཡིན། ཨུ་རུ་སུའི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་རྒྱལ་ཁབ་བསྐྱབས་པ་མ་ཟད། རྒྱལ་ཁབ་ཀྱི་ལ་རྒྱ་དང་རང་བཙན་ཡང་སྲུང་སྐྱོབ་བྱས་ཡོད་པ་དང་། དེ་ལས་གཞན་རྒྱལ་སྲུང་དམག་འཁྲུག་གིས་ཨུ་རུ་སུའི་སྤྱི་ཚོགས་ལ་ཐེབས་པའི་སྒུལ་ཤུགས་ཀྱང་ཧ་ཅང་ཆེ་སྟེ། དེས་ཨུ་རུ་སུའི་བསམ་བློའི་ཁྱང་ཁོངས་འཕེལ་རྒྱས་ཡོང་བ་དང་། ཕུའུ་ཞི་ཅིན་གྱིས་གཙོ་བྱས་པའི་ཨུ་རུ་སུའི་མི་རིགས་རྩོམ་རིག་དར་བར་སྐུལ་འདེད་བྱས། རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་སྤྱིའི་དོན་སྙིང་ཤིན་ཏུ་གལ་ཆེ་བ་ཡོད་དེ། དེས་ན་ཕོ་ལོན་གྱི་དམག་དོན་སྟོབས་ཤུགས་ཉམས་དམས་སུ་བཏང་བ་མ་ཟད། ཧྥ་རན་སིས་ཡོབ་གླིང་དུ་བཙུགས་པའི་ཆབ་སྲིད་མ་ལག་ལ་རྩ་གཏོར་རང་བཞིན་གྱི་བརྡབ་གསིག་བཟོས།

2 ལོ་རྒྱུས་མདོར་བསྟན། 

ཧྥ་རན་སིའི་གོང་མ་ན་ཕོན་ལོན་གྱིས་ཧྥ་རན་སིའི་གོང་མ་ཡ་ལི་ཧྲན་ཏ་ཡིས《ཐི་ཨེར་ཞི་ཐེ་ཞི་ཆིངས》ལ་གཏོར་བརླག་བྱས་པར་ཁ་གཡར་ནས། དམག་མི་ཁྲི་60ཁྲིད་དེ། ལམ་ཁག་གཉིས་སུ་བགོས་ནས་ཉེ་མན་ཆུ་བོ་བརྒལ་ནས་ཨུ་རུ་སུའི་མངའ་ཁོངས་སུ་བཙན་འཛུལ་བྱས་ཤིང། མདུན་དུ་ཨུ་རུ་སུའི་དམག20ཚར་གཅོད་དང་། འཐབ་ཐེངས་གཅིག་གིས་དགྲ་བོ་ཚར་གཅོད་བྱེད་པའི་རེ་ངན་ཡིད་ལ་བཅངས། ཨུ་རུ་སུའི་དམག་གིས་པའར་ཁེ་ལའི་བཀོད་འདོམས་འོག་ཏུ། ཕྱིར་བཤོལ་ཐག་གཅོད་དམག་འཐབ་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་མོད། འོན་ཀྱང་བློ་ཡིད་མི་ཚིམ་པར་ཟླ8ཚེས20ཉིན་ཁུའུ་ཐུའུ་ཙུའོ་ཕུའུ་ཨུ་རུ་སུའི་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱིར་བརྗེས་ནས། གཟའ་འཁོར་གཅིག་ཀྱང་མ་འགོར་བར་པོ་ལུའོ་ཅི་ནུའོ་དང་ཧྥ་རན་སེའི་དམག་དཔུང་བར་དམར་འཛིང་བྱས་པས་ཕྱོགས་གཉིས་ཀར་ཤི་རྨས་ཚབས་ཆེན་བྱུང་ཡོད། ཕྱིས་སུ་ཨུ་རུ་སུའི་དམག་དཔུང་གིས་རང་འགུལ་གྱིས་མོ་སི་ཁོ་ནས་ཕྱིར་འཐེན་བྱས་ཤིང་། ཧྥ་རན་སིའི་དམག་གི་འགྲིམ་འགྲུལ་ལམ་ཐིག་ལ་འཇིགས་སྐུལ་བྱས་པར་མ་ཟད། དམག་དམངས་སྒྲིག་འཛུགས་བྱས་ཏེ་མཁར་བཙན་ཡུལ་གཙང་བྱས་ཏེ་ཧྥ་རན་སིའི་དམག་ལ་འཇབ་རྒོལ་བྱས། ཧྥ་དམག་འཁྱག་ལྟོགས་ཀྱིས་མནར་ཞིང་མོ་སི་ཁོ་ནས་ལྷོ་ཕྱོགས་སུ་ཕྱིར་འཐེན་བྱས། ཨུ་རུ་སུའི་དམག་དཔུང་གིས་ཕར་རྒོལ་བྱེད་པར་བསྒྱུར་ནས་ཧྥ་རན་སིའི་དམག་དཔུང་འབོར་ཆེན་ཚར་གཅོད་བྱས་པ་རེད། ཧྥ་རན་སིའི་དམག་གིས་སྒྱོགས་དམག་ཡོངས་རྫོགས་ཤོར་བ་དང་ཧ་ལམ་མི་གྲངས་ཁྲི་གསུམ་ཙམ་རྒྱལ་མཚམས་ནས་ཕྱིར་བུད་པ་རེད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།