རྩ་འཛིན་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩ་འཛིན་ཆེན་མོ།
རྩ་འཛིན་ཆེན་མོ་ནི་དབྱིན་ཇིའི་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་དུས་སྐབས་ཀྱི་རྩ་ཁྲིམས་རང་བཞིན་གྱི་ཡིག་ཆའི་གྲས་ཤིག་ཡིན་ལ། རང་དབང་རྩ་འཛིན་ཆེན་མོ་ཞེས་ཀྱང་ཟེར་བ་དང་། སྤྱི་ལོ1215ལོའི་ཟླ6པའི་ཚེས15ཉིན་དབྱིན་ཇིའི་རྒྱལ་བོ་ཡོ་ཧན་གྱིས་མིང་རྟགས་བཀོད་ཡོད། ཁྱོན་བསྡོམས་དོན་ཚན63ཡོད། རྩ་འཛིན་གྱི་དམིགས་ཡུལ་ནི་རྒྱལ་བོའི་དབང་ཆར་ཚོད་འཛིན་བྱེད་རྒྱུ་དེ་ཡིན་ཡང་། ཆེར་མ་འགོར་བར་ཆོས་ཀྱི་གོང་མ་ཉིད་རྒྱལ་བོ་ཡོ་ཧན་གྱིས་གདན་དྲངས་ཏེ་རྩ་འཛིན་རྩིས་མེད་བཏང་བ་ཁྱབ་བསྒྲགས་བྱས། ཡིན་ནའང་རྗེས་ཀྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་སྐབས་བེད་ཆོད་པར་གྱུར་པ་དང་། ད་ལྟའང་སྔར་བཞིན་དབྱིན་ཇིའི་རྩ་ཁྲིམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大宪章
ཁོངས་གཏོགས།
ཁྲིམས་ཡིག
མིང་གཞན།
རང་དབང་རྩ་འཛིན་ཆེན་མོ།
དུས་སྐབས།
སྤྱི་ལོ1215ལོའི་ཟླ6པའི15ཉིན།
ངོ་བོ།
དབྱིན་ཇིའི་རྒྱལ་པོ་དང་རྩ་ཁྲིམས་གཉིས་ལྡན་ལམ་ལུགས་ཀྱི་བཅའ་ཁྲིམས་ཀྱི་རྨང་རྡོ།
དོན་ཚན།
ཁྱོན་བསྡོམས་དོན་ཚན63ཡོད།
དམིགས་ཡུལ།
རྒྱལ་བོའི་དབང་ཆར་ཚོད་འཛིན་བྱེད་པ།
འཇིག་པའི་དུས།
རྒྱལ་བོ་ཡོ་ཧན་གྱིས་རྩིས་མེད་བཏང་བ་ཁྱབ་བསྒྲགས་བྱས།
1 ​ནང་དོན་མདོར་བསྟན། 
1_1 ངོ་སྤྲོད། 

རྩ་འཛིན་ཆེན་མོ་ནི་དབྱིན་ཇིའི་བཀས་བཀོད་རྒྱུད་འཛིན་སྒེར་གཅོད་དུས་སྐབས་ཀྱི་རྩ་ཁྲིམས་རང་བཞིན་གྱི་ཡིག་ཆའི་གྲས་ཤིག་ཡིན་ལ། རང་དབང་རྩ་འཛིན་ཆེན་མོ་ཞེས་ཀྱང་ཟེར་བ་དང་། སྤྱི་ལོ1215ལོའི་ཟླ6པའི་ཚེས15ཉིན་དབྱིན་ཇིའི་རྒྱལ་བོ་ཡོ་ཧན་གྱིས་མིང་རྟགས་བཀོད་ཡོད། ཁྱོན་བསྡོམས་དོན་ཚན63ཡོད། རྩ་འཛིན་གྱི་དམིགས་ཡུལ་ནི་རྒྱལ་བོའི་དབང་ཆར་ཚོད་འཛིན་བྱེད་རྒྱུ་དེ་ཡིན་ཡང་། ཆེར་མ་འགོར་བར་ཆོས་ཀྱི་གོང་མ་ཉིད་རྒྱལ་བོ་ཡོ་ཧན་གྱིས་གདན་དྲངས་ཏེ་རྩ་འཛིན་རྩིས་མེད་བཏང་བ་ཁྱབ་བསྒྲགས་བྱས། ཡིན་ནའང་རྗེས་ཀྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་སྐབས་བེད་ཆོད་པར་གྱུར་པ་དང་། ད་ལྟའང་སྔར་བཞིན་དབྱིན་ཇིའི་རྩ་ཁྲིམས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། 

1_2 ལོ་རྒྱུས་མདོར་བསྟན། 

རྩ་འཛིན་ཆེན་མོ་ལ《རང་དབང་རྩ་འཛིན་ཆེན་མོ》ཞེས་ཀྱང་ཟེར། དབྱིན་ཇིའི་བཀས་བཀོད་རྒྱུད་འཛིན་དུས་སྐབས་ཀྱི་རྩ་ཁྲིམས་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན། སྤྱི་ལོ1215ལོའི་ཟླ་6པའི་ཚེས15ཉིན་ཅིན་ཅུའེ་ཧྭ་རྒྱལ་རབས་ཀྱི་རྒྱལ་པོ་ཡུའེ་ཧན(སྤྱི་ལོ99-སྤྱི་ལོ1216)གྱིས་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་ཆེན་པོ་དང་། ཆོས་འཆད་མཁན། ཡུས་དང་གྲོང་ཁྱེར་གྱི་གྲོང་མིའི་མཉམ་འབྲེལ་གནོན་ཤུགས་འོག་བཙན་གྱིས་མིང་རྟགས་བཀོད་པ་རེད། རྩོམ་ཡིག་ཆ་ཚང་ཁྱོན་བསྡོམས63ཡོད། ནང་དོན་གཙོ་བོ་ནི་བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་དང་ཆོས་ཚོགས་ཀྱི་དམིགས་བསལ་དབང་ཆ་དང་། གྲོང་ཁྱེར་སྡོད་དམངས་ཀྱི་ཁེ་ཕན་ཁ་ཤས་འགན་སྲུང་བྱེད་པ་དང་། རྒྱལ་པོའི་དབང་ཆར་ཚོད་འཛིན་བྱེད་པ་བཅས་ཡིན། སྐུ་དྲག་གྲོས་ཚོགས་ཀྱི་གཏན་འབེབས་ལྟར་མ་བྱས་ན་ཁྲལ་དངུལ་འཕར་མ་བསྡུས་མི་ཆོག སྐུ་དྲག་དང་དབྱི་སི་རལ་གྱི་མངའ་ཁོངས་ཤུལ་འཛིན་བྱེད་དབང་འགན་སྲུང་བྱ་རྒྱུ། ཆོས་ཚོགས་ཀྱི་རང་དབང་ལ་གནོད་འཚེ་མི་ཕོག་པ་ཁས་ལེན་པ། སྔར་བཙན་བཟུང་བྱས་པའི་མངའ་བདག་གི་ས་ཆ་དང་། གཏའ་དངོས། གན་འཛིན་བཅས་ཕྱིར་སྤྲོད་རྒྱུ། མངའ་བདག་གི་བདག་སྐྱོང་དབང་ཆར་བརྩི་འཇོག་བྱེད་པ་དང་། རྒྱལ་པོའི་དཔོན་རིགས་ཀྱིས་གང་འདོད་ལྟར་གཏུག་བཤེར་བདག་སྤྲོད་མི་བྱེད་པ་དང་། རང་དབང་ཅན་སུ་ལའང་ཁྲིམས་མཐུན་གྱི་དཔྱད་མཚམས་མ་བཅད་ན། རྒྱུ་ནོར་འཛིན་བཟུང་དང་། བཙོན་འཇུག གཞུང་བཞེས་བཅས་བྱེད་མི་ཆོག་པའམ་ཕྱིར་གཏོང་བྱས་མི་ཆོག ལུན་ཏུན་དང་རང་སྐྱོང་གྲོང་ཁྱེར་གཞན་དག་གི་རང་དབང་ཁས་ལེན་པ། གཅིག་གྱུར་གྱིས་ཚད་འཇལ་དང་ཚོང་ལས་ཀྱི་རང་དབང་ལ་སྲུང་སྐྱོབ་བྱེད་པ་སོགས་ཡིན། དུས་མཚུངས་སུ་མངའ་བདག་གིས་མི25བདམས་ནས་རྩ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་འགན་འཁུར་རྒྱུའི་གཏན་འབེབས་བྱས་པ་རེད། རྩ་ཁྲིམས་ནི་གཙོ་བོ་བཀས་བཀོད་རྒྱུད་འཛིན་གྲལ་རིམ་ནང་ཁུལ་གྱི་དབང་ཆ་ཡང་བསྐྱར་བགོ་བའི་ཡིག་ཆ་ཡིན་ཞིང་། རྒྱ་ཆེའི་ཞིང་བའི་གོ་གནས་ལ་འགྱུར་བ་བཏང་མེད་པར་མ་ཟད། ཡུན་རིང་མ་འགོར་བར་ཧེང་ལི་སྐུ་ཕྲེང་གསུམ་པས་གཏོར་ནས་ནུས་པ་ཤོར་བ་རེད། དབྱིན་ཇིའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་དུས་སྐབས་སུ། རྩ་ཁྲིམས་ཆེན་པོ་དེ་ཁེ་དབང་བརྩོན་ལེན་བྱེད་པའི་ཚུལ་དུ་བེད་སྤྱད་པར་མ་ཟད། དབྱིན་ཇིའི་རྩ་ཁྲིམས་རང་བཞིན་གྱི་ཡིག་ཆ་ཞིག་ཏུ་གཏན་འཁེལ་བྱས། སྤྱི་ལོ2018ལོའི་ཟླ་10ཚེས་25ཉིན། 《རྩ་འཛིན་ཆེན་མོ》ལ་ཉེས་དམིགས་མ་གྲུབ་པའི་རྐུ་ཁྱེར་དོན་རྐྱེན་བྱུང་། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།