དབེན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འ་འུར་དང་ཟ་ཟི་སོགས་འདུ་འཛི་མེད་པའམ་ཆུང་བའི་དོན།
1 ལོ་ཙཱ།

རྒྱ་ཡིག寂静处,隐遁处

དབྱིན་ཡིག Silence, seclusion

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས། ①(རྒྱན་ཚིག)འ་འུར་དང་ཟ་ཟི་སོགས་འདུ་འཛི་མེད་པའམ་ཆུང་བའི་དོན་ཏེ། གནས་དབེན་པ། ཁང་བ་དབེན་པ་ཞེས་པ་ལྟ་བུ། ②(བྱེད་མེད་ལས་ཚིག)མེད་པའམ་ཉུང་བའི་དོན་ཏེ། ཤིང་གིས་དབེན་པའི་བྲག་ལྗོངས། ཆུས་དབེན་པའི་བྱེ་ཐང་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས། འབྲོག་དགོན་ལྟ་བུ་འདུ་འཛི་ཟིང་ཟང་མེད་པའི་ཡུལ།   ﹙ཟིང་ཟང似是ཟང་ཟིང之误﹚寂静处,隐遁处,如阿兰若(佛),无喧杂吵闹之处。【增】1.闲静,寂寥。2.避世隐居者。﹝达﹞(同)དབེན་ས།

3.དུང་དཀར་ཚིག་མཛོད་ཆེན་མོ་ལས། སྤྱིར་དབེན་པ་ཞེས་པ་བྱ་བའི་ཚིག་ལ་མེད་པ་དང༌། བྲལ་བ། མི་ལྡན་པ། དམན་པ་སོགས་ལ་གོ་རྒྱུ་དང༌། མིང་གི་སྐབས་སུ་མི་མང་པོ་དང་ཟང་ཟིང་གི་བྱ་བ་མེད་པའི་གནས་ལ་གོ་བ་ཡོད།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①མེད་པའམ་སྟོང་པ། ནོར་འཁྲུལ་གྱིས་དབེན་པ། བྱ་སྤྱོད་ངན་པས་དབེན་པ། ཟས་གོས་མཐུན་རྐྱེན་གྱིས་མི་དབེན་པ། སྙིང་པོས་དབེན་པ།  ②བས་མཐའ་དང་། འདུ་འཛི་མེད་པ། གནས་དབེན་པ། དབེན་པའི་རི་ཁྲོད་འགྲིམ་ལ་དམ་ཆོས་སྒྲུབ། རི་ཁྲོད་དབེན་པ། ③༡  འདུ་འཛི་མེད་པའི་ས་ཆ།  ༢འཕྲི་རྩིས།

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། 1. (རྒྱན་ཚིག) འ་འུར་དང་ཟ་ཟི་སོགས་འདུ་འཛི་མེད་པའམ་ཆུང་བའི་དོན་ཏེ།  (དཔེར་ན།)  གནས་དབེན་པ། ཁང་པ་དབེན་པ་ཞེས་པ་ལྟ་བུ།    2. (བྱེད་མེད་ལས་ཚིག) མེད་པའམ་ཉུང་བའི་དོན་ཏེ།   (དཔེར་ན།) ཤིང་གིས་དབེན་པའི་བྲག་ལྗོངས། ཆུས་དབེན་པའི་བྱེ་ཐང་ཞེས་པ་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-23

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།