གྱི་ལྗང་དབུ་དཀར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྱི་ལྗང་དབུ་དཀར་བ་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་མདོ་སྨད་གཞག་ར་ལྷ་རྩེའི་ཡུལ་དུ་སྐུ་འཁྲུངས་པ་དང་། རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད་པའི་ལོ་ཙཱ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གྱི་ལྗང་དབུ་དཀར་བ།
འཁྲུངས་ལོ།
དུས་རབས་བཅུ་གཅིག་པའི་དུས་སྟོད།
ལས་རིགས།
ལོ་ཙཱ་བ།
མཛད་རྗེས།
བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར།
1 ངོ་སྤྲོད།

གྱི་ལྗང་དབུ་དཀར་བ་ནི་སྤྱི་ལོ་དུས་རབས་བཅུ་གཅིག་པའི་དུས་སྟོད་ཙམ་དུ་མདོ་སྨད་གཞག་ར་ལྷ་རྩེའི་ཡུལ་དུ་སྐུ་འཁྲུངས་པ་དང་། ཐོག་མར་བོད་ཡུལ་ནས་སློབ་གཉེར་མཛད་ཅིང་། དེ་ནས་ཁ་ཆེ་དང་བལ་ཡུལ། རྒྱ་གར་སོགས་སུ་ཕེབས་ཏེ་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་རྒྱ་གཞུང་དང་རྒྱ་ཡིག་བཅས་ལ་ལེགས་པར་སྦྱངས་ནས་བསྟན་བཅོས་འགའ་ཞིག་བོད་ཡིག་ཏུ་བསྒྱུར་བར་མཛད།

2 བསྒྱུར་རྩོམ།

བསྒྱུར་རྩོམ་གཙོ་གྲས་ནི《བསྟན་འགྱུར》ལས《དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས》དང་། 《བྱིན་གྱིས་བརླབས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས》 《དཔལ་ནག་པོ་ཆེན་པོའི་དབང་བསྐུར་བའི་ཆོ་ག》བཅས་བཞུགས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།