ཨ་ཐེན་ན་བྲན་གཡོག་དམངས་གཙོའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཐེན་ན་བྲན་གཡོག་དམངས་གཙོའི་ལམ་ལུགས།
དམངས་གཙོའི་ལམ་ལུགས་ནི་གནའ་རབས་ཀེ་རི་སེའི་ཨ་ཐེན་ན་ནས་བྱུང་བ་ཡིན་ལ། ཨ་ཐེན་ནའི་བྲན་གཡོག་དམངས་གཙོའི་ལམ་ལུགས་ནི་ཨ་ཐེན་ནའི་ཆབ་སྲིད་ལམ་ལུགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雅典奴隶主民主制
ཁོངས་གཏོགས།
ཆབ་སྲིད་ལམ་ལུགས།
དུས་སྐབས།
སྤྱི་ལོ་སྔོན་གྱི་དུས་རབས6-4བའི་བར།
1 ​ངོ་སྤྲོད། 

དམངས་གཙོའི་ལམ་ལུགས་ནི་གནའ་རབས་ཀེ་རི་སེའི་ཨ་ཐེན་ན་ནས་བྱུང་བ་ཡིན་ལ། ཨ་ཐེན་ནའི་བྲན་གཡོག་དམངས་གཙོའི་ལམ་ལུགས་ནི་ཨ་ཐེན་ནའི་ཆབ་སྲིད་ལམ་ལུགས་ཡིན། དེ་ནི་མི་སེར་དང་སྐུ་དྲག་བར་གྱི་འཐབ་རྩོད་ཁྲོད་བཅོས་སྒྱུར་དང་ཁྲིམས་འཛུགས་ལ་བརྟེན་ནས་རིམ་གྱིས་ཆ་ཚང་དུ་གྱུར་བ་ཞིག་ཡིན་པ་དང་། པོ་ལི་ཁེ་ལིས་དབང་སྒྱུར་གྱི་དུས་སྐབས་སུ་དར་བའི་རྩེ་མོར་སོན་ཡོད། དམག་སྤྱི་ཆེན་མོ་ཕུད་ཨ་ཐེན་ནའི་རིམ་པ་སོ་སོའི་དཔོན་གནས་ཚང་མ་སྤྱི་དམངས་ལ་ཁ་གཏད་ཡོད་པ་དང་། སྤྱི་དམངས་ཚོགས་ཆེན་དང་མི་ལྔ་བརྒྱའི་ཚོགས་འདུ་སོགས་ལ་དབང་ཆ་ངེས་ཅན་ཡོད། སྤྱི་དམངས་ཚོགས་ཆེན་ནི་དོན་དངོས་སུ་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆའི་ལས་ཁུངས་ཡིན་པ་དང་། རྒྱལ་ཁབ་ཀྱིས་སྤྱི་བའི་ལས་གནས་ཁུར་བའི་སྤྱི་དམངས་ཡོངས་ལ་ཟླ་ཕོགས་སྤྲོད་ཀྱི་ཡོད་ཅིང་། སྤྱི་དམངས་ཚང་མ་ཆབ་སྲིད་ལས་དོན་ལ་ཞུགས་པར་ཁག་ཐེག་བྱེད་ཀྱི་ཡོད། ཨ་ཐེན་ནའི་དམངས་གཙོའི་ཆབ་སྲིད་ཀྱིས་འཛམ་གླིང་དམངས་གཙོའི་ཆབ་སྲིད་ཀྱི་སྒོ་མོ་ཕྱེས་ཡོད་ལ། དེ་ནི་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།