འཇར་པན་བཀས་བཀོད་རྒྱུད་འཛིན་གྱི་རིམ་ལྡན་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཇར་པན་བཀས་བཀོད་རྒྱུད་འཛིན་གྱི་རིམ་ལྡན་ལམ་ལུགས།
འཇར་པན་བཀས་བཀོད་རྒྱུད་འཛིན་གྱི་རིམ་ལྡན་ལམ་ལུགས་ནི་འཇར་པན་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་བཙུགས་པའི་བརྒྱུད་རིམ་ཁྲོད་རིམ་བཞིན་ཆགས་པའི་རིམ་ལྡན་ལམ་ལུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日本封建等级制度
ཁོངས་གཏོགས།
ཆབ་སྲིད་ལམ་ལུགས།
དུས་སྐབས།
ཏེ་ཁྲོན་དུས་སྐབས།
1 ངོ་སྤྲོད། 

འཇར་པན་བཀས་བཀོད་རྒྱུད་འཛིན་གྱི་རིམ་ལྡན་ལམ་ལུགས་ནི་འཇར་པན་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་བཙུགས་པའི་བརྒྱུད་རིམ་ཁྲོད་རིམ་བཞིན་ཆགས་པའི་རིམ་ལྡན་ལམ་ལུགས་ཤིག་ཡིན། ཏེ་ཁྲོན་དུས་སྐབས་སུ་མུའུ་ཧྥན་ལམ་ལུགས་ལག་བསྟར་བྱས་ཤིང་། ཆེས་མཐོའི་དབང་ཆ་འཛིན་མཁན་ནི་དམག་དཔོན་ཡིན་པ་དང་། དེ་ལས་གཞན་ད་དུང་རྣམ་པའི་ཐོག་ནས་གནམ་བསྐོས་གོང་མའང་ཡོད། དཔོན་བློན་བསྐོ་བཞག་ཐད་དུ་ཡོད་ཚད་དཔའ་རྟུལ་གྱི་ཐོང་ཐང་མཐོ་དམའ་ལྟར་ལས་བགོས་བྱས། མིང་ཀྲི་ཁྲི་ལོའི་གསར་བཅོས་ཀྱི་དུས་སུ་ད་གཟོད་མི་སེར་དཀྱུས་མའི་ཐོབ་ཐང་ལམ་ལུགས་དངོས་སུ་བཙུགས་པ་དང་། སྔོན་ཆད་ཀྱི་ཞིང་བ་དང་ཚོང་བ། བཟོ་བ་དང་མི་སེར་ཐ་མལ་བ་ཚང་མར་མི་སེར་དཀྱུས་མ་ཞེས་འདྲ་མཉམ་དུ་བཞག་སྟེ། འཇར་པན་གྱི་བཀས་བཀོད་རྒྱུད་འཛིན་རིམ་ལྡན་ལམ་ལུགས་མེད་པར་གྱུར།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།