དབྱིབས་རྩིས་རྣམ་བཤད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱིབས་རྩིས་རྣམ་བཤད།
དབྱིབས་རྩིས་རྣམ་བཤད་ནི་གནའ་བོའི་ཀེ་རི་སིའི་གྲངས་རིག་མཁས་ཅན་ཨོའུ་ཅི་ལེ་ཏེ་ཡི་མིང་དུ་གྲགས་པའི་བརྩམས་ཆོས་ཤིག་ཡིན་ལ། དུས་རབས་ཀྱི་དབྱེ་མཚམས་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཀྱང་ཡིན། དེ་ནི་ཆེས་སྔ་མོར་སྤྱི་སྲོལ་ཐབས་ལ་བསྟེན་ནས་དབྱེ་འབྱེད་བྱེད་པའི་གྲངས་རིག་ཁྱབ་ཁོངས་ཀྱི་དམིགས་དཔེར་གྱུར། ལག་བྲིས་མ་ཡིག་དེ་ཕལ་ཆེར་ལོ་ངོ1700ལྷག་ལ་བེད་སྤྱོད་བྱས་ཟིན་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
དབྱིབས་རྩིས་རྣམ་བཤད།
རྒྱ་ཡིག་གི་མིང་།
几何原本
རྩོམ་པ་པོ།
ཨོའུ་ཅེ་ལེ་ཏེ།
བསྒྱུར་པ་པོ།
ཞུའུ་ཀོང་ཆི།
སྤེལ་དུས།
སྤྱི་ལོ2011-03-01
རིགས་དབྱེ།
གྲངས་རིག་དབྱིབས་རྩིས།
1 ངོ་སྤྲོད།

དབྱིབས་རྩིས་རྣམ་བཤད་ནི་གནའ་བོའི་ཀེ་རི་སིའི་གྲངས་རིག་མཁས་ཅན་ཨོའུ་ཅི་ལེ་ཏེ་ཡི་མིང་དུ་གྲགས་པའི་བརྩམས་ཆོས་ཤིག་ཡིན་ལ། དུས་རབས་ཀྱི་དབྱེ་མཚམས་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཀྱང་ཡིན། དེ་ནི་ཆེས་སྔ་མོར་སྤྱི་སྲོལ་ཐབས་ལ་བསྟེན་ནས་དབྱེ་འབྱེད་བྱེད་པའི་གྲངས་རིག་ཁྱབ་ཁོངས་ཀྱི་དམིགས་དཔེར་གྱུར། ལག་བྲིས་མ་ཡིག་དེ་ཕལ་ཆེར་ལོ་ངོ1700ལྷག་ལ་བེད་སྤྱོད་བྱས་ཟིན་པ་རེད། པར་འདེབས་མ་དཔེ་དེའང་དཔར་ཐེངས1000ལྷག་བྱུང་ཞིང་། སྤྱོད་ཡུན་ཆེས་རིང་བའི་དཔེ་དེབ་ཅིག་ཡིན། 

2 དཀར་ཆག

ལེའུ་དང་པོ། དབྱིབས་རྩིས་ཀྱི་རྨང་གཞི།

ལེའུ་གཉིས་པ། དབྱིབས་རྩིས་དང་ཚབ་རྩིས། 

ལེའུ་གསུམ་པ། སྒོར་དབྱིབས་དང་ཟུར།

ལེའུ་བཞི་པ། སྒོར་དབྱིབས་དང་ངོས་མཉམ་མཐའ་མང་དབྱིབས། 

ལེའུ་ལྔ་པ། བསྡུར་བ།

ལེའུ་དྲུག་པ། འདྲ་མཚུངས་མཐའ། 

ལེའུ་བདུན་པ་ནས་བཅུ་པའི་བར། ཐོག་མའི་དབྱིབས་རྩིས་གྲངས་ཀྱི་རྣམ་བཤད།

ལེའུ་བཅུ་གཅིག་པ། ལངས་གཟུགས་དབྱིབས་རྩིས། 

ལེའུ་བཅུ་གཉིས་པ། ལངས་གཟུགས་ཀྱི་ཚད་འཇལ། 

ལེའུ་བཅུ་གསུམ་པ། ངོས་མཉམ་ངོས་མང་གཟུགས་འབྲི་བ། 

3 ནང་དོན། 

དབྱིབས་རྩིས་རྣམ་བཤད་ཅེས་པའི་དཔེ་དེབ་འདིའི་ནང་དུ་དབྱིབས་རྩིས་ཀྱི་རྒྱ་ཡིག་བརྡ་ཆད་མང་པོ་གཏན་འབེབས་བྱས་ཡོད། དཔེར་ན། ཚེག་དང་ཐིག དྲང་ཐིག མཉམ་འགྲོ་ཐིག ཟུར། ཟུར་གསུམ་མ། མཐའ་བཞི་དབྱིབས་སོགས་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།