སྲིད་ཕྱོད་རྣམ་བཤད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲིད་ཕྱོད་རྣམ་བཤད།
སྐབས་བསྟུན་སྣང་ཚུལ་གྱི་གྲངས་ཚད་ཆོས་ཉིད་ལ་ཞིབ་འཇུག་བྱེད་པར་སྲིད་ཕྱོད་རྣམ་བཤད་ཟེར། ངེས་པར་དུ་འབྱུང་ཐུབ་པའི་བྱ་དངོས་ལ་འབྱུང་ངེས་དོན་རྐྱེན་ཟེར་པ་དང་། དེས་སྲིད་ཕྱོད1གཏན་ཁེལ་བྱས་པ་ཡིན། ནམ་ཡང་འབྱུང་མི་སྲིད་པའི་བྱ་དངོས་ལ་འབྱུང་མི་སྲིད་པའི་དོན་རྐྱེན་ཟེར་པ་དང་། དེའི་སྲིད་དཔྱོད0ཡིན་པར་གཏན་ཁེལ་བྱས་པ་ཡིན། སྤྱིར་བཏང་དུ་བྱ་དངོས་ཀྱི་སྲིད་ཕྱོད་ནི0དང1གཉིས་བར་གྱི་གྲངས་ཤིག་ཡིན། རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཆ་རྐྱེན་མཐུན་པའི་གནས་ཚུལ་འོག་བྱ་དངོས་འབྱུང་སྲིད་པའམ་ཡང་ན་འབྱུང་མི་སྲིད་པའི་བྱ་དངོས་རིགས་ལ་སྐབས་བསྟུན་དོན་རྐྱེན་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྲིད་ཕྱོད་རྣམ་བཤད།
རྒྱ་ཡིག་གི་མིང་།
概率论
ཕྱི་ཡིག་གི་མིང་།
Probability Theory
དར་དུས།
དུས་རབས18པ་དང19པའི་དུས་སྐབས།
1 ངོ་སྤྲོད། 

མི་རྣམས་ཀྱིས་བྱ་དངོས་མང་པོར་ཚོད་རྩིས་དང་སྔོན་དཔག་གི་བྱ་ཐབས་སྤྱོད་བཞིན་ཡོད། བྱ་བ་ཁ་ཤས་དངོས་གནས་བྱུང་སྲིད་པར་མི་རྣམས་ཀྱིས་རིགས་འདེད་རྗེས་དཔག་གི་ཐབས་ལ་བསྟེན་ནས་བྱ་བ་བྱུང་མིན་ལ་ཚོད་དཔག་བྱེད་ངེས། འོན་ཀྱང་བྱ་བ་ཁ་ཤས་དུས་བསྟུན་འགྱུར་བའི་རང་བཞིན་ཧ་ཅང་ཆེ་བས་རིགས་འདེད་བྱེད་པ་དོན་ཐོག་ཏུ་མི་ཁེལ་བའང་འབྱུང་སྲིད། ང་ཚོས་བྱ་བ་བྱུང་མིན་གྱི་ཆེ་ཆུང་ཙམ་ལ་བསྟེན་ནས་ཚོད་དཔག་བྱེད་དགོས་པ་རེད། 

སྐབས་བསྟུན་སྣང་ཚུལ་གྱི་གྲངས་ཚད་ཆོས་ཉིད་ལ་ཞིབ་འཇུག་བྱེད་པར་སྲིད་ཕྱོད་རྣམ་བཤད་ཟེར། ངེས་པར་དུ་འབྱུང་ཐུབ་པའི་བྱ་དངོས་ལ་འབྱུང་ངེས་དོན་རྐྱེན་ཟེར་པ་དང་། དེས་སྲིད་ཕྱོད1གཏན་ཁེལ་བྱས་པ་ཡིན། ནམ་ཡང་འབྱུང་མི་སྲིད་པའི་བྱ་དངོས་ལ་འབྱུང་མི་སྲིད་པའི་དོན་རྐྱེན་ཟེར་པ་དང་། དེའི་སྲིད་དཔྱོད0ཡིན་པར་གཏན་ཁེལ་བྱས་པ་ཡིན། སྤྱིར་བཏང་དུ་བྱ་དངོས་ཀྱི་སྲིད་ཕྱོད་ནི0དང1གཉིས་བར་གྱི་གྲངས་ཤིག་ཡིན། རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཆ་རྐྱེན་མཐུན་པའི་གནས་ཚུལ་འོག་བྱ་དངོས་འབྱུང་སྲིད་པའམ་ཡང་ན་འབྱུང་མི་སྲིད་པའི་བྱ་དངོས་རིགས་ལ་སྐབས་བསྟུན་དོན་རྐྱེན་ཟེར།

སྲིད་ཕྱོད་རྣམ་བཤད་དེ་སྤྱི་ཚོགས་འཚོ་བ་དངོས་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། རང་བྱུང་ཚན་རིག་དང་། ལག་རྩལ་ཚན་རིག སྤྱི་ཚོགས་ཚན་རིག དམག་དོན། བཟོ་ཞིང་ཐོན་སྐྱེད་བཅས་ཀྱི་ཁྲོད་དུ་ཡང་རྒྱ་ཆེར་སྤྱོད་བཞིན་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།