ཀོ་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོ་ལི།
ཀོ་ལི་ནི་བྱང་ཀོ་རི་ཨའི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཤིག་ཡིན་ཞིང་། དེའི་མངའ་ཁོངས་ནི་རྩ་བའི་ཆ་ནས་ད་ལྟའི་ཀོ་རི་ཨ་ཕྱེད་གླིང་ཡིན་པ་དང་། རྒྱལ་ས་ཁེ་ཅིང་ཡིན། དེ་ནི་སངས་རྒྱས་ཆོས་ལུགས་རྒྱལ་ཁབ་ཀྱི་ཆོས་ལུགས་བྱས་ཤིང་། ཚན་འབྱེད་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཅིག་ཡིན། སྤྱི་ལོ935ལོར་ཞིན་ལོ་བསྣུབས་པ་དང་། ལོ་རྗེས་མར་པེ་ཅི་ཕྱི་མ་བསྣུབས་ཤིང་རིམ་གྱིས་བྱང་ཀོ་རི་ཨ་ཕྱེད་གླིང་གཅིག་གྱུར་བྱས། རྗེས་སུ་སོག་པོས་དྲག་འདུལ་བྱས་ཀྱང་ཡོན་རྒྱལ་རབས་རྩ་མེད་དུ་སོང་རྗེས་སོག་པོའི་དབང་སྒྱུར་ལས་ཐར། སྤྱི་ལོ1392ལོར་ཀོ་ལི་རྒྱལ་རབས་རྩ་མེད་དུ་བཏང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高丽国
ཕྱི་ཡིག་གི་མིང་།
Goryeo/Koryo/Koryu
བསྡུས་མིང་།
ལི།
ཁོངས་གཏོགས་གླིང་ཆེན།
ཤར་ཨེ་ཤ་ཡ་གླིང་ཆེན།
རྒྱལ་ས།
ཁེ་ཅིང་།
གྲོང་ཁྱེར་གཙོ་བོ།
པེ་ཅིན་ནུབ་མའི་ཕོང་དབྱང་དང་། ནན་ཅིན་གྱི་ཧན་དབྱང་། ཏུང་ཅིན་ཆིན་ཀྲོའུ།
གཞུང་ཕྱོགས་ཀྱི་སྐད་ཆ།
ཀོ་ལིའི་སྐད།
དངུལ་ལོ།
དངུལ་དམ་དང་མཚོ་ཤར་ཐུང་སྤའོ། མཚོ་ཤར་ཀྲུང་སྤའོ། སན་ཧན་ཀྲུང་པའོ་སོགས།
སྲིད་དབང་ལམ་ལུགས།
གོང་མའི་སྲིད་དབང་སྒེར་གཅོད་ལམ་ལུགས།
རྒྱལ་ཁབ་ཀྱི་དབུ་ཁྲིད།
ཝང་ཅན་དང་། ཝང་ཀྲའོ། ཝང་ཀྲི། ཝང་ཁུའེ། ཝང་ཁུའེ། ཝང་ཁུའེ།
མི་གྲངས།
ཧ་ལམ་ཁྲི་ཉིས་བརྒྱ་དང་བཅུ་ལྷག
མི་རིགས།
ཀོ་ལིའི་མི། པོ་ཧན་མི།
ཆོས་ལུགས།
སངས་རྒྱས་ཆོས་ལུགས།
རྒྱལ་ཁབ་ཀྱི་རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ190000(1392ལོར)ཡོད།
1 ངོ་སྤྲོད། 

ཀོ་ལི་ནི་བྱང་ཀོ་རི་ཨའི་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་ཤིག་ཡིན་ཞིང་། དེའི་མངའ་ཁོངས་ནི་རྩ་བའི་ཆ་ནས་ད་ལྟའི་ཀོ་རི་ཨ་ཕྱེད་གླིང་ཡིན་པ་དང་། རྒྱལ་ས་ཁེ་ཅིང་ཡིན། དེ་ནི་སངས་རྒྱས་ཆོས་ལུགས་རྒྱལ་ཁབ་ཀྱི་ཆོས་ལུགས་བྱས་ཤིང་། ཚན་འབྱེད་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཅིག་ཡིན། སྤྱི་ལོ935ལོར་ཞིན་ལོ་བསྣུབས་པ་དང་། ལོ་རྗེས་མར་པེ་ཅི་ཕྱི་མ་བསྣུབས་ཤིང་རིམ་གྱིས་བྱང་ཀོ་རི་ཨ་ཕྱེད་གླིང་གཅིག་གྱུར་བྱས། རྗེས་སུ་སོག་པོས་དྲག་འདུལ་བྱས་ཀྱང་ཡོན་རྒྱལ་རབས་རྩ་མེད་དུ་སོང་རྗེས་སོག་པོའི་དབང་སྒྱུར་ལས་ཐར། སྤྱི་ལོ1392ལོར་ཀོ་ལི་རྒྱལ་རབས་རྩ་མེད་དུ་བཏང་། 

2 ལོ་རྒྱུས་མདོར་བསྟན། 

ཀོ་ལི(918-1392)ལ་ཀོ་ལི་རྒྱལ་རབས་དང་ཝང་ཧྲི་ཀའོ་ལི་ཡང་ཟེར། དེ་ནི་ཁྲའོ་ཞན་ཕྱེད་གླིང་གི་གནའ་རབས་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། སྤྱི་ལོ918ལོར་ཐའེ་ཧྥེང་གི་གདུང་རྒྱུད་རྒྱལ་པོར་བསྐོས་ཤིང་། སྤྱི་ལོ935ལོར་གཅིག་གྱུར་བྱས། སྤྱི་ལོ936ལོར་པེ་ཅི་བསྣུབས་པར་བརྟེན“ཧན་གསུམ་གཅིག་གྱུར”མངོན་འགྱུར་བྱུང་། ཀོ་ལི་གྲོང་ཁྱེར་ནི་ཁའེ་ཅིན(ད་ལྟའི་ཁྲའོ་ཞན་ཁའེ་ཁྲེང)ཡིན་ལ། རྒྱལ་ཁབ་ཀྱི་མངའ་ཁོངས་ནི་ད་ལྟའི་ཁྲའོ་ཞན་ཕྱེད་གླིང་གི་དབུས་ལྷོ་དང་ཧ་ལམ་མཚུངས་ཤིང་། དུས་རབས11པའི་དུས་དཀྱིལ་དུ་ལྕགས་རི་རིང་པོས་ལི་རྒྱལ་རབས་དང་གསེར་གྱིས་མཐའ་མཚམས་བྱས་ཡོད་ལ། དེའི་ནུབ་བྱང་ནི་དུས་རབས12པའི་ཀོ་ལི་རུའེ་ཙུང་གི་དུས་སྐབས་སུ་ཡ་ལུའུ་ཅང་གཙང་པོར་སླེབས་པ་དང་། བྱང་ཤར་ནི་ཀོ་ལི་དུས་མཇུག་གི་ཀུང་ཞའོ་ཝང་གི་དུས་སྐབས་སུ་ཅ་ཀྲོའུ(དེང་གི་ཁྲའོ་ཞན་ཅ་ཧྲན་ཅུན)ཅི་ཀྲོའུ(ད་ལྟའི་ཁྲའོ་ཞན་ཅི་ཀྲོའུ་ཅུན)སོགས་སུ་རྒྱ་བསྐྱེད་ཡོད། 

ཀོ་ལིས་མི་རབས34བརྒྱུད་ཅིང་བསྡོམས་པས་ལོ475ཡོད་པ་དང་། ཕྱི་ཕྱོགས་སུ་སྔ་རྗེས་སུ་ཐང་ཕྱི་མ་དང་། ཅིན་ཕྱི་མ། ཧན་ཕྱི་མ། ཀྲོའུ་ཕྱི་མ། སུང་བྱང་མ། ཆི་ཏན། ཅིན་ཁྲའོ(ལིའོ་རྒྱལ་རབས)དང་། སོག་པོ(ཡོན་རྒྱལ་རབས)སོགས་སྐམ་ས་ཆེན་པོའི་རྒྱལ་ཁབ་ལ་དཔུང་འཇུག་བྱས་པར་མ་ཟད། ཆི་ཏན་དང་། མོ་ཀྲིན། སོག་པོ་སོགས་བྱང་ཕྱོགས་མི་རིགས་དང་ཡང་དམག་འཁྲུག་བརྒྱབ་མྱོང་།  སྤྱི་ལོ1392ལོར་ལི་ཁྲེང་ཀུའེ་ཡི་ཝང་ཅིང་རེན་གྱིས་ཁྲའོ་ཞན་རྒྱལ་རབས་བཙུགས། 

སངས་རྒྱས་ཆོས་ལུགས་ནི་ཀོ་ལིའི་རྒྱལ་ཁབ་ཀྱི་ཆོས་ལུགས་གཙོ་བོ་ཞིག་ཡིན་པ་དང་། ཀོ་ལིའི་བཀའ་བསྟན་ནི་འཛམ་གླིང་གི་རྩ་ཆེའི་ནོར་བུ་ཞིག་ཏུ་གྱུར་ཡོད། ཨ་རབ་ཀྱི་ཚོང་བས་ཀོ་ལིའི་མཚན་སྙན་ཡོ་རོབ་གླིང་གི་ས་ཆར་ཁྱབ་སྤེལ་བྱས་པ་ནི་དེ་རིང་གིKorea(Corea)ཡི་མིང་རྐྱང་གི་མ་དཔེ་ཡིན། ཀོ་ལི་ནི་ཤིན་ལུའོ་གཅིག་གྱུར་བྱས་རྗེས་ཁྲའོ་ཞན་ཕྱེད་གླིང་གི་ལོ་རྒྱུས་ཐོག་གཅིག་གྱུར་གྱི་རྒྱལ་ཁབ་གཞན་ཞིག་ཏུ་གྱུར་པ་དང། “ཀོ་ལིའི་མི”ཡང་གོ་ལ་ཧྲིལ་པོའི་ཁྲའོ་ཞན་མི་རིགས་ཀྱི་མིང་གཞན་དུ་གྱུར་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།