སླེ་འཕེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སླེ་འཕེན།
སླེ་འཕེན་ཞེས་པ་གཟེབ་གྲུག་འགྲན་སྡུར་སྐབས་སུ་་རུ་མི་ཚོས་་ལུགས་མཐུན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕ་རོལ་པོའི་སློ་མའི་ནང་སྤོ་ལོ་འཕེན་པའི་བྱ་ཐབས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
投篮
གོ་བབ།
གཟེབ་གྲུག་ལུས་རྩལ་ཁྲོད་གཙོ་ཤུགས་པ་འདོན་མཁན།
ཕྱི་ཡིག་གི་མིང་།
basket
བྱེད་ནུས།
སྐར་མ་ལེན་མཁན།
ངོ་བོ།
ཆེད་དམིགས་ཀྱིས་ལུགས་དང་མཐུན་པའི་བྱེད་སྟངས།
1 ​ངོ་སྤྲོད།  

སླེ་འཕེན་ཞེས་པ་ནི་འགྲན་སྡུར་སྐབས་རུ་མི་ཚོས་ལུགས་མཐུན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕ་རོལ་པོའི་སློ་མའི་ནང་སྤོ་ལོ་འཕེན་པའི་བྱ་ཐབས་ཤིག་རེད། གཟེབ་གྲུག་འགྲན་སྡུར་ཁྲོད་སྐར་མ་ལེན་པའི་ཐབས་ལམ་ཞིག་ཡིན་ཞིང་། སླེ་འཕེན་པ་ནི་་གཟེབ་གྲུག་ལུས་རྩལ་ཁྲོད་ཀྱི་ལག་རྩལ་ཞིག་ཡིན་ལ་ཐོབ་སྐར་གྱི་བྱེད་ཐབས་གཅིག་པུ་ཡིན། ཕར་རྒོལ་རུ་ཁག་གིས་ལག་རྩལ་དང་འཐབ་རྩལ་སྣ་ཚོགསའམ།དམིགས་ཡུལ་སྣ་ཚོགས་སྤྱད་དེ་གཟེབ་གྲུག་འཕེན་པའི་གོ་སྐབས་དམ་འཛིན་གྱིས་སྐར་མ་ལེན་ཐུབ་བྱ་ཆེད་ཡིན། རུ་ཁག་གིས་འགོག་སྲུང་ཧུར་ཐག་བྱས་པ་ཚང་མ་ཕ་རོལ་པོའི་སྐར་མ་ཐོབ་པར་བཀག་འགོག་བྱེད་པའི་ཆེད་དུ་ཡིན། ལུས་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལུས་རྩལ་པའི་གཟུགས་པོའི་རིང་ཚད་དང་། ལུས་པོའི་བྱང་ཚད། ལག་རྩལ་ཆུ་ཚད་བཅས་མཐོ་རུ་ཕྱིན་ནས་གཟེབ་གྲུག་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་སྟེ། ལག་བསྟར་བྱ་ཡུལ་དམའ་བ་ནས་མཐོ་བ་དང་། ལག་བསྟར་མྱུར་ཚད་འགོར་བ་ནས་མྱུར་བ། གཟེབ་གྲུག་རྒྱག་སྟངས་སྔར་བས་ཇེ་ལེགས་སུ་འགྲོ་བ། སྐར་འབྲས་ལེན་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། 

2 འཕེན་སྟངས། 

1.ལག་པ་ཟུང་གིས་དྲང་མོར་གཟེབ་གྲུག་འཕེན་པ། .jpgགཟེབ་གྲུག་འཕེན་སའི་གནས་ཅུང་དམའ་མོད། འོན་ཀྱང་འཕེན་སའི་སྔོན་གྱི་གཏན་འཇགས་རང་བཞིན་བཟང་ལ། ལག་བསྟར་གྱི་སྟོབས་ཤུགས་ཆེ་བས། གཟེབ་གྲུག་བརྒྱུད་སྤྲོད་དང་། ཐོད་བརྒལ། ཟུང་འབྲེལ་བྱས་ཏེ། ཐག་རིང་བོར་གཟེབ་གྲུག་འཕེན་པར་བཀོལ་ཆོག 

2.ལག་ཟུང་དཔུང་བར་བསྟེན་ནས་གཟེབ་གྲུག་འཕེན་པ།  .jpg ལག་པ་ཟུང་གིས་གཟེབ་གྲུག་ཡར་བཀྱགས་ཚེ་གྲུ་ཚིགས་རང་བཞིན་གྱིས་འགུག་དགོས་པ་དང་། རྐང་པ་གཉིས་གསེག་ནས་པུས་མོ་བརྟན་པོས་ཅུང་སྒུར་བས་གཙོ་ཤུགས་རྐང་པ་གཉིས་བར་དུ་ལྷུང་། གཟེབ་གྲུག་འཕེན་པའི་སྐབས་སུ། ལག་པ་གཉིས་མདུན་ཕྱོགས་སུ་བསྲིངས་ཤིང་། དཔུང་བ་བརྟན་པོར་ལག་གཡོན་པས་སྐྱོར་ཞིང་གཡས་པས་ཕྱོགས་གཏན་འཁེལ་གྱིས་སླེ་འཕེན་བྱེད་པ་ཞིག་ཡིན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།