དབའས་ཁྲྀ་སུམ་རྗེ་རྩང་བཞེར།
བློན་ཆེན་འདི་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀའ་ལ་གཏོགས་པའི་ཆབ་སྲིད་ཀྱི་བློན་ཆེན་པོ་ཞིག་ཡིན། ཁོང་གིས་སྤྱི་ལོ713ལོར་བློན་ཆེན་པོའི་གོ་གནས་བཞེས་ཤིང་། བལ་བོ་ལ་སོགས་པ་གཙོར་བྱས་ཏེ་བོད་ཡུལ་ནས་འདུན་མ་ཆེ་ཆུང་མང་བོ་བསྡུས་ནས། རྒྱལ་ཁྲིམས་དག་བསྒྲིགས་དང་རྒྱལ་དམངས་དཔལ་འབྱོར་དོ་དམ་ཞིབ་གཤེར་སོགས་ཀྱི་ལས་ཀ་མང་བོ་བྱས། མཐར་སྤྱི་ལོ725ལོར་གཤེགས་སོ། །
《དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས》ལས།
གཅིག གླང་ལོ་སྟེ། སྤྱི་ལོ713ལོར་གནུབས་ཁྲྀ་མཉེན་མོན་ཙན་གུམ་ནས། ཁུད་པ་ཆེན་པོ་དབའས་ཁྲྀ་སུམ་རྗེ་རྩང་བཞེར་ལ་ཕུལ་བར་ལོ་ཆིག
གཉིས། 714ལོར་དགུན་འདུན་མནོན་དུ་བློན་ཁྲྀ་སུམ་རྗེ་རྩང་བཞེར་གྱིས་བསྡུས།
གསུམ། 715ལོར་འདུན་མ་འོ་ཡུག་གི་ནུབས་སུ་བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས་བསྡུས།
བཞི། 718ལོར་དབྱར་འདུན་གྲོ་པུར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེ་རྩང་བཞེར་གྱིས་བསྡུས་ཏེ། དགས་ཕོ་ཁྲམ་དམར་ཕོ་བཏབ།
ལྔ། 719ལོར་དབྱར་འདུན་དྲའི་ཟར་ཕུར་ཞང་བཙན་ཏོ་རེ་དང་། བློན་ཁྲི་སུམ་རྗེས་བསྡུས་ཏེ། རུ་གསུམ་གྱི་རྗེ་ཞིང་གྱི་ཕྱིང་རྀལ་གྱི་རྩིས་དང་། སོག་མའི་རྩིས་བགྱིས།
དྲུག 720ལོར་དབྱར་འདུན་དུངས་གྱི་མཁའ་བུར་ཞང་བཙན་ཏོ་རེ་དང་། བློན་ཁྲྀ་སུམ་རྗེས་བསྡུས་ཏེ། རྩང་ཆེན་གྱྀ་རྗེ་ཞིང་གླྀངས་གྱི་བྱིང་རིལད་གྱི་རྩིས་བགྱིས།
བདུན། 721ལོར་དབའས་ཁྲྀ་སུམ་རྗེ་རྩང་བཞེར་བློན་ཆེན་པོར་བཀའ་སྩལད།
བརྒྱད། 722ལོར་དགུན་འདུན་མཁར་པྲག་དུ་བློན་ཆེན་ཕོ་ཁྲྀ་སུམ་རྗེས་བསྡུས་ཏེ། ཁབ་སོ་ཐུགས་ཉེན་གྱི་ལྷག་ཅད་བརྩྀས།
དགུ། 723ལོར་དགུན་འདུན་མོང་ཀར་དུ་བློན་ཁྲི་སུམ་རྗེས་བསྡུས།
བཅུ། 724ལོར་དབྱར་འདུན་དབུ་རུ་ཤོད་གྱི་རྩྀའི་ལུང་དུ་བློན་ཆེན་པོ་ཁྲྀ་སུམ་རྗེས་བསྡུས།
བཅུ་གཅིག 725ལོར་དབྱར་འདུན་བློན་ཁྲྀ་སུམ་རྗེས་བལ་པོ་བྲྀའི་ཏང་དུ་བསྡུས། བློན་ཆེན་པོ་ཁྲྀ་སུམ་རྗེ་གུམ”ཞེས་འཁོད་ཡོད་དོ། །
- 1 གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས་པའི «གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ།» སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 2012ལོའི་པར་ཐེངས་དང་པོ། ཤོག་ངོས306ནས307སྟེང་ན་གསལ།
- 2 དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་ཅིང་བཀྲལ་བའི «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ» མི་རིགས་དཔེ་སྐྲུན་ཁང་། 1992ལོའི་པར་ཐེངས་དང་པོ། ཤོག་ངོས203ན་གསལ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-08-16
གསར་སྤེལ་མཁན། :ལ་ཁ་གནམ་ལྷ་ཚེ་རིང