སན་ཧན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སན་ཧན།
ཧ་ལམ་ཀྲུང་གོའི་རྒྱལ་ཁབ་གསུམ་གྱི་སྔ་གཞུག་ཏུ་བྱང་ཀོ་རི་ཨ་ཕྱེད་གླིང་དུ་ཚོ་བ་གསུམ་ཁ་གཏད་དུ་ལངས་པའི་རྣམ་པ་ཞིག་བྱུང་བ་དེར་ལོ་རྒྱུས་སུ“སན་ཧན”ཞེས་ཟེར།སན་ཧན་ནི་བྱང་ཀོ་རི་ཨ་ཕྱེད་གླིང་ལྷོ་ཕྱོགས་ཀྱི་གནའ་བོའི་སྡོད་དམངས་ཀྱི་སྤྱི་མིང་ཡིན་ཞིང་། དེའི་ཁོངས་སུ་མཱ་ཧན་དང་། ཁྲིན་ཧན། མུའུ་ཧན་བཅས་གསུམ་ཡོད་ལ། གཙོ་གཞི་ནི་མཱ་ཧན་ཡིན་པ་དང་། ཁྲིན་ཧན་ནི་དེའི་ཤར་ཕྱོགས་སུ་ཡོད་པ་དང་། མུའུ་ཧན་ནི་ཁྲིན་ཧན་གྱི་ལྷོ་ཕྱོགས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三韩
སོ་སོའི་སྐོར།
མཱ་ཧན། ཁྲིན་ཧན། མུའུ་ཧན།
དུས་སྐབས།
སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ནས་སྤྱི་ལོ་རྗེས་ཀྱི་དུས་རབས་བཞི་པ།
དེང་རབས་ཀྱི་གདུང་རྒྱུད།
བྱང་ཀོ་རི་ཨའི་མི་རིགས།
ཁྱབ་ཁོངས།
བྱང་ཀོ་རི་ཨ་ཕྱེད་གླིང་།
བཀོལ་སྤྱོད་སྐད་བརྡ།
བྱང་ཀོ་རི་ཨའི་སྐད་དང་ཡི་གེ།
1 ངོ་སྤྲོད། 

ཧ་ལམ་ཀྲུང་གོའི་རྒྱལ་ཁབ་གསུམ་གྱི་སྔ་གཞུག་ཏུ་བྱང་ཀོ་རི་ཨ་ཕྱེད་གླིང་དུ་ཚོ་བ་གསུམ་ཁ་གཏད་དུ་ལངས་པའི་རྣམ་པ་ཞིག་བྱུང་བ་དེར་ལོ་རྒྱུས་སུ“སན་ཧན”ཞེས་ཟེར། སན་ཧན་ནི་བྱང་ཀོ་རི་ཨ་ཕྱེད་གླིང་ལྷོ་ཕྱོགས་ཀྱི་གནའ་བོའི་སྡོད་དམངས་ཀྱི་སྤྱི་མིང་ཡིན་ཞིང་། དེའི་ཁོངས་སུ་མཱ་ཧན་དང་། ཁྲིན་ཧན། མུའུ་ཧན་བཅས་གསུམ་ཡོད་ལ། གཙོ་གཞི་ནི་མཱ་ཧན་ཡིན་པ་དང་། ཁྲིན་ཧན་ནི་དེའི་ཤར་ཕྱོགས་སུ་ཡོད་པ་དང་། མུའུ་ཧན་ནི་ཁྲིན་ཧན་གྱི་ལྷོ་ཕྱོགས་སུ་ཡོད།  གཙོ་གཞི་ནི་མཱ་ཧན་ཡིན་པ་དང་། ཁྲིན་ཧན་ནི་དེའི་ཤར་ཕྱོགས་སུ་ཡོད་པ་དང་། མུའུ་ཧན་ནི་ཁྲིན་ཧན་གྱི་ལྷོ་ཕྱོགས་སུ་ཡོད། གཙོ་བོ་འབྲས་འདེབས་འཛུགས་དང་། དར་འབུ་གསོ་བ། རས་འཐག་པ་སོགས་ཀྱི་ལས་རིགས་གཉེར་གྱི་ཡོད། སན་ཧན་གྱི་མགོ་གཙོ་ནི་ནམ་ཡང་མཱ་ཧན་གྱི་མི་ཡིན་པ་དང་། སན་ཧན་སོ་སོར་རང་ཉིད་ཀྱི་ཚོ་དཔོན་ཡོད། མཱ་ཧན་ནི་སྤྱི་ལོའི་སྔ་གཞུག་ཏུ་གཅིག་གྱུར་མཛད་པ་དང་། དུས་རབས4བའི་དུས་མགོར་པེ་ཅི་རྒྱལ་ཁབ་གྲུབ། ཁྲིན་ཧན་གཅིག་གྱུར་བྱས་ཏེ་ཞིན་ལོ་རྒྱལ་ཁབ་གྲུབ་པ་དང་། དུས་རབས5བའི་རྗེས་སུ་མུའུ་ཧན་ཡང་པེ་ཅི་དང་ཞིན་ལོའི་མངའ་འོག་ཏུ་ཞུགས་ཤིང་། སྤྱི་ལོ660ལོར་སན་ཧན་གྱི་གནས་ཞིན་ལོ་རུ་གཅིག་གྱུར་བྱས། 

2 ལོ་རྒྱུས་མདོར་བསྟན། 

སན་ཧན་ནི་སྤྱི་ལོའི་སྔོན་གྱི་དུས་རབས2པའི་དུས་མཇུག་ནས་སྤྱི་ལོའི་དུས་རབས4པའི་གཡས་གཡོན་གྱི་ཁྲའོ་ཞན་ཕྱེད་གླིང་ལྷོ་རྒྱུད་ཀྱི་ཚོ་པའི་མནའ་འབྲེལ་གསུམ་ཡིན་ཞིང་། དེའི་ནང་མཱ་ཧན་དང་། ཁྲིན་ཧན། ལུའུ་ཧན་བཅས་ཚུད་ཡོད། དེའི་ནང་མཱ་ཧན་ནི་ཧན་གོ་གསུམ་གྱི་སྟོབས་ཤུགས་ཆེ་ཤོས་ཡིན་པ་དང་། ཧན་གོ་གསུམ་ལ“ཁྲེན་ཝང་རྒྱལ་པོ”ཞེས་བརྗོད་ཀྱི་ཡོད། དུས་རབས4བའི་སྐབས་སུ། ཀྲུང་གོས་པུའུ་སོ་སོས་པེ་ཅི་རྒྱལ་ཁབ་བཙུགས་པ་དང་། ཁྲིན་ཧན་ཀྲུང་གི་ཆེས་སྟོབས་དང་ལྡན་པའི་སི་ལུའུ་དམག་དཔུང་གིས་ཁྲིན་ཧན་གཅིག་གྱུར་གྱིས་ཞིན་ལོ་རྒྱལ་ཁབ་བཙུགས། 
    ཧན་གསུམ་ནི་ཧན་ནུབ་མའི་སྐབས་སུ་ཀྲུང་གོ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། དེའི་ཁྲོད་ཁྲིན་ཧན་དབྱིན་གྱི་སྐད་ཡིག་དང་། འབོད་སྟངས། ཡོ་བྱད་སོགས་ནི་ཆིན་རྒྱལ་རབས་དང་འདྲ་བར“ཆིན་ཧན”ཞེས་འབོད་ཀྱི་ཡོད། 《རྒྱལ་ཁབ་གསུམ་གྱི་ལོ་རྒྱུས་ཝེ་ཧྲུའུ་ཝུའུ་ཝན་ཞན་པེ་ཏུང་དབྱི་ཡི་རྣམ་ཐར》ཞེས་པའི་ནང“ཧུན་དང་ལིན་ཀྲི་དུས་མཇུག་ཏུ་ཧན་ཡུས་སྟོབས་ལྡན་དུ་གྱུར་ཅིང་། ཅུན་རྫོང་གིས་ལམ་ལུགས་བཟོ་མི་ཐུབ་པ་དང་། དམངས་ཚོགས་མང་པོ་ཧན་གོར་འབྱོར”ཞེས་པ་དེ“ཧན་གོ”ཞེས་པའི་མིང་གི་ཟིན་ཐོ་སྔ་ཤོས་སུ་གཏོགས་ཡོད། 
    སྤྱི་ལོའི་སྔོན་གྱི་རྗེས་སུ། ཁྲའོ་ཞན་མི་རིགས“སྔ་མའི་རྒྱལ་ཁབ་གསུམ”གྱི་དུས་རབས་སུ་སླེབས་པ་དང་། དེའི་རྗེས་ཀྱི་ལོ་ངོ་ཉིས་སྟོང་གི་དུས་ཚོད་ནང་། ཅིན་ཧྲི་ཞིན་ལོ་དང་། ཝང་ཧྲི་ཀོ། ལི་ཧྲི་ཁྲའོ་ཞན་བཅས་ཀྱིས་སྔ་རྗེས་སུ་ཁྲའོ་ཞན་ཕྱེད་གླིང་གཅིག་གྱུར་བྱས་ཤིང་། “ཧན་གོ”ཞེས་པ་དེ་སྔར་བཞིན་སྲིད་དབང་དེའི་མིང་གཞན་དུ་བཟུང་ཡོད། དཔེར་ན། ཀའོ་ལི་ཐའེ་ཙུའུ་ཝང་ཅན་གྱིས་སྔོན་ཆད“པེན་ལའེ་སན་ཧན་ཧྲན་ཁྲོན་དབྱིན་ཡིའུ་ཡིས་བྱ་བ་ཆེན་པོ་སྒྲུབ་ཀྱི་ཡོད”ཅེས་བཤད་པ་དང་། སྤྱི་ལོ1882ལོར་མིང་རྟགས་བཀོད་པའི་《ཀྲུང་གོ་དང་ཁྲའོ་ཞན་གྱི་ཚོང་དམངས་དང་། སྐམ་ཆུ་ཉོ་ཚོང་སྒྲིག་ཡིག》ཁྲོད་དུ། ཁྲའོ་ཞན་མི་དམངས་ལ“ཧན་མི”ཞེས་འབོད། སྤྱི་ལོ1894ལོར་མན་ཇུའི་རྒྱལ་རབས་ཀྱིས་འཇར་པན་ལ་འཐབ་པའི་བཀའ་ཤོག་ནང་དུའང“ཧན་གོའི་འབངས་མི་ཐུའུ་སོལ་དུ་གནས”ཞེས་པ་དང་། མིང་ཀྲི་ཁྲི་ལོའི་གསར་བཅོས་རྗེས་ཀྱི་འཇར་པན་ལ“ཧན་རྒྱལ་བསྡུ་བའི་རྣམ་བཤད”ཡོད། 
    སྤྱི་ལོ1897ལོའི་ཟླ10པའི་ཚེས12ཉིན། ཁྲའོ་ཞན་རྒྱལ་རབས་ཀྱི་རྒྱལ་རབས26པའི་ཀའོ་ཙུང་ལི་ཞི་ནི་རྒྱལ་པོའི་གོ་གནས་ཡིན། “ཏ་ཧན་བཙན་རྒྱལ”ཞེས་པར་བསྒྱུར་ཞིང་། དེ་ནས་ཧན་གོའི་མིང་འདི་བཏགས་སོང་། 


བརྡ་འགྲེལ་གདོང་འཛར།

སན་ཧན། མཱ་ཧན། ཁྲིན་ཧན། མུའུ་ཧན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-13

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།