ཀླད་འགེབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀླད་འགེབ།
ཀླད་འགེབ་ཅེས་པ་གཟེབ་གྲུག་དང་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་འགྲན་སྡུར་སྐབས་སུ་སྤྱོད་པའི་བརྡ་ཆད་ཅིག་ཡིན། འགོག་སྲུང་རུ་མི་སླེ་དྲའི་སྟེང་ཡར་མཆོངས་ཏེ་ལག་པ་ཟུང་གིས་ནུས་ཤུགས་ཡོད་དགུས་ཕ་རོལ་པས་གཟེབ་གྲུག་འཕེན་པ་མྱུར་དུ་མར་གནོན་པ་ཞིག་ཡིན་ལ། སྐབས་དེའི་ལག་པ་ཟུང་ནི་ཀླད་འགེབ་པ་དང་འདྲ་བས་མིང་དེ་ལྟར་དུ་བཏགས་སོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
盖帽
སྡེ།
གཟེབ་གྲུག་དང་། ཕའེ་ཆིའུ་སྤོ་ལོ།
ཕྱི་ཡིག་གི་མིང་།
block shot
ཀླད་འགེབ་ལ་མཁས་པ།
ཨོ་ལ་ཀྲུའུ་ཝང་དང་མུ་ཐོ་མུ་པོ།
1 ​ངོ་སྤྲོད། 

ཀླད་འགེབ་ཅེས་པ་གཟེབ་གྲུག་དང་ཕའེ་ཆིའུ་སྤོ་ལོའི་ལུས་རྩལ་འགྲན་སྡུར་སྐབས་སུ་སྤྱོད་པའི་བརྡ་ཆད་ཅིག་ཡིན། 

འགོག་སྲུང་རུ་མི་སླེ་དྲའི་སྟེང་ཡར་མཆོངས་ཏེ་ལག་པ་ཟུང་གིས་ནུས་ཤུགས་ཡོད་དགུས་ཕ་རོལ་པས་གཟེབ་གྲུག་འཕེན་པ་མྱུར་དུ་མར་གནོན་པ་ཞིག་ཡིན་ལ། སྐབས་དེའི་ལག་པ་ཟུང་ནི་ཀླད་འགེབ་པ་དང་འདྲ་བས་མིང་དེ་ལྟར་དུ་བཏགས་སོ། ། 

2 བརྡ་ཆད་སྤྱོད་སྟངས། 

.jpg

ཕར་རྒོལ་པས་གཟེབ་གྲུག་འཕེན་སྐབས་འགོག་སྲུང་པས་ཐབས་བརྒྱ་ཇུས་སྟོང་གིས་བར་སྣང་ནས་གཟེབ་གྲུག་འགོག་པའི་སྟངས་སྟབས་ཤིག་ཡིན་ལ། རྒྱའི་གྲོང་སྐད་དུ火锅ཟེར་བ་དང་། དབྱི་ཇིའི་སྐད་དུblock shotསོགས་སུ་འབོད། འབོད་སྟངས་འདི་དག་གིས་ཟུར་ཚད་མི་འདྲ་བའི་ནང་དོན་རེ་མཚོན་གྱི་ཡོད་དོ། ། 


སྤྱིར་ན་གཟེབ་གྲུག་རྩེད་མཁན་མང་པོ་ཞིག་གིས་རང་ཉིད་ནི་ཀླད་འགེབ་མཁན་ཞིག་ཡིན་ཞེས་སེམས་ཀྱི་ཡོད་མོད། འོན་ཀྱང་དོན་དངོས་ཐོག་ཡང་དག་པའི་ཀླད་འགེབ་མཁན་ཤིན་ཏུ་ཉུང་ཉུང་རེད། གནས་ཚུལ་དེའི་རིགས་ཁྲོམ་གཞུང་ངམ་ཡང་ན་ཚད་ལྡན་གྱི་འགྲན་སྡུར་སྐབས་མངོན་གྱི་ཡོད། སྐབས་རེར་རུ་ཁག་ནང་ཀླད་འགེབ་ཤེས་མཁན་གྱི་རུ་མི་གཅིག་ཀྱང་མེད་པ་དང་། སྡུག་ཤོས་ཀྱི་གནས་ཚུལ་ནི་རང་ཉིད་ནི་ཀླད་འགེབ་ཤེས་མཁན་ཞིག་ཡིན་པར་སེམས་ཏེ། རྟག་ཏུ་ཡར་ལྡིང་རྗེས་ཕར་རྒོལ་རུ་མི་གོམ་པ་གསུམ་སྤོས་ནས་སྤོ་ལོ་རྒྱག་པའམ་ཡང་ན་འཕེན་གཏོང་བྱས་པའི་ཐོབ་སྐར་ལ་ལྟ་བཞིན་ཡོད་པ་དང་། རང་ཉིད་ཀྱིས་འགོག་ཐབས་བྲལ་བའམ་ཡང་ན་ལག་པའི་བཟུང་ནས་སྒྲིག་འགལ་བྱེད་པ་ལྟ་བུའོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།