འཁྱགས་ལྟིར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཁྱགས་ལྟིར།
འཁྱགས་ལྟིར(Curling)ཞེས་པ་ལ་དར་འཁྱགས་ཐོག་གི་རྡོ་ཤུད་ཀྱང་ཟེར་ཞིང་། དེ་ནི་རུ་ཁག་རེ་སྡེ་ཚན་དུ་ཕྱེ་ནས་དར་ཐོག་གི་འཕེན་གཏོང་རང་བཞིན་གྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན་ལ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཤིག་ཀྱང་ཡིན་པ་མ་ཟད། འཁྱགས་ལྟིར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་ཡང་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冰壶
འབྱུང་ཡུལ།
སུའུ་ཀི་ལན།
ཕྱི་ཡིག་གི་མིང་།
Curling
འགྲན་ཞུགས་མི་གྲངས།
མི4དགོས།
1 ངོ་སྤྲོད། 

འཁྱགས་ལྟིར(Curling)ཞེས་པ་ལ་དར་འཁྱགས་ཐོག་གི་རྡོ་ཤུད་ཀྱང་ཟེར་ཞིང་།   དེ་ནི་རུ་ཁག་རེ་སྡེ་ཚན་དུ་ཕྱེ་ནས་དར་ཐོག་གི་འཕེན་གཏོང་རང་བཞིན་གྱི་འགྲན་སྡུར་རྣམ་གྲངས་ཤིག་ཡིན་ལ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཤིག་ཀྱང་ཡིན་པ་མ་ཟད། འཁྱགས་ལྟིར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་ཡང་བཙུགས་ཡོད། ཕོ་མོ་གཉིས་སུ་བཙུགས་ནས་རུ་ཁག་རེར་མི་བཞི་རེ་དགོས། འཁྱགས་ལྟིར་ནི་དབྱིབས་སྒོར་སྒོར་ཡིན་པ་དང་། དེ་ནི་ལྷང་ཚེར་མི་འདུས་པའི་སུའུ་ཀེ་ལན་གྱི་རང་བྱུང་འཛེང་རྡོ་ལས་གྲུབ་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་སྤུས་ལེགས་འཁྱགས་ལྟིར་བཟོ་བའི་རང་བྱུང་འཛེང་རྡོ་ཚང་མ་སུའུ་ཀེ་ལན་གྱི་གླིང་ཕྲན་ཆུང་ཆུང་ཞིག་ཡིན་པ་དང་། སུའུ་ཀེ་ལན་པས་འཛམ་གླིང་གི་ཆུ་ཚད་མཐོ་ཤོས་ཀྱི་འཁྱགས་ལྟིར་བཟོ་བའི་ལག་རྩལ་ཁོང་དུ་ཆུད་ཡོད། 
   .jpgའཁྱགས་ལྟིར་གྱི་མཐའ་འཁོར་རིང་ཚད་ལ་ཕལ་ཆེར་ལི་སྨི91.44ཡོད་པ་དང་། མཐོ་ཚད་ལི་སྨི11.43ཡོད། ལྗིད་ཚད་ལ་སྤྱི་རྒྱ19.96ཡོད། དར་བཀྲུ་བ་ནི་འཁྱགས་དེམ་དང་འཁྱགས་ངོས་ཀྱི་གཙུབ་བརྡར་ཇེ་ཆུང་དུ་གཏོང་བའི་ཆེད་དུ་ཡིན། མི་ཞིག་གིས་འཁྱགས་ལྟིར་ལ་འཁྱགས་ཐོག་གི་རྒྱལ་སྤྱིའི་མིག་མངས་ཞེས་བརྗོད་ཀྱི་ཡོད། དཔེ་འཇོག་འདིས་འཁྱགས་ལྟིར་གྱི་ལྐོག་གྱུར་དང་ཁྱད་འཕགས་ཀྱི་ཁྱད་ཆོས་ལྡན་པ་གསལ་བརྗོད་བྱས་ཡོད་དོ། ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-26

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།