རྩ་ཁྲིམས་ལག་བསྟར་གྱི་དགོས་གལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་ལ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་དང་འབྱུང་ཁུངས་ཀྱང་ཡིན་པས་སྲིད་དབང་བཟུང་སྟེ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་རྩ་ཁྲིམས་ལག་བསྟར་གྱི་དགོས་གལ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྤྱི་ཚོགས་འཛུགས་སྐྲུན།
ནང་གསེས།
རྩ་ཁྲིམས་ལག་བསྟར།
1 ངོ་སྤྲོད།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་ལ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་དང་འབྱུང་ཁུངས་ཀྱང་ཡིན་པས་སྲིད་དབང་བཟུང་སྟེ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་རྩ་ཁྲིམས་ལག་བསྟར་གྱི་དགོས་གལ་ཡིན།

2 གོ་དོན།

རྩ་ཁྲིམས་ནི་རང་རྒྱལ་གྱི་རྩ་བའི་ཁྲིམས་ལུགས་ཡིན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་ལ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་དང་འབྱུང་ཁུངས་ཀྱང་ཡིན། ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། སྲིད་དབང་བཟུང་སྟེ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཤུགས་ལྡན་འགན་སྲུང་ཡང་ཡིན།  ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྩ་བའི་དོན་སྙིང་ནི་རྩ་ཁྲིམས་ལ་བརྟེན་ཏེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དེ་ཡིན།  རྩ་ཁྲིམས་ཀྱི་བརྗིད་ཉམས་དང་རྩ་བའི་ཁྲིམས་ལུགས་ཀྱི་གོ་གནས་བདག་སྐྱོང་བྱེད་པ་དེ་ནི་གཙོ་བོ་རྩ་ཁྲིམས་འཐུས་སྒོ་ཚང་བ་ཞིག་ཡོད་པ་དང་དེ་ལག་ལེན་དངོས་སུ་བྱེད་པར་འགན་སྲུང་དགོས་པ་དེ་ཡིན།  རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན་ཐག་གཅོད་བྱས་ཡོད་ལ།  རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་དང་བྱེད་སྒོའི་རྩ་དོན་ནས་སྤྱི་དམངས་ཀྱི་རྩ་བའི་དབང་ཆ་སོགས་རྩ་བའི་བཅའ་ཁྲིམས་ཀྱི་གནད་དོན་མཐའ་དག་ཀྱང་གཏན་འཁེལ་བྱས་ཡོད།  

3 གལ་ཆེན་རང་བཞིན།

དེའི་ཕྱིར།  རྩ་ཁྲིམས་དང་འགལ་ན་ཆེས་ལྗིད་པའི་ཁྲིམས་འགལ་ཡིན་པ་དང་། ཁྲིམས་ལུགས་སྐྱོང་བ་ལ་ཆེས་ཚབས་ཆེ་བའི་གཏོར་བརླག་ཅིག་ཀྱང་ཡིན།  ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་སྐུལ་སྤེལ་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཏུ་བསྐྱོད་པའི་གོ་རིམ་ཁྲོད་ངེས་པར་དུ་རྩ་ཁྲིམས་དང་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་ནི་གོ་གནས་ཆེས་མཐོན་པོར་འཇོག་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།