རང་རྒྱལ་གྱི་རྩ་ཁྲིམས་ཀྱི་བྱེད་ནུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩ་ཁྲིམས་ཀྱི་བྱེད་ནུས་ནི། རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་དང་མི་སྒེར་གྱི་སྤྱོད་པ། སྤྱི་ཚོགས་འཚོ་བ་དངོས་བཅས་ལ་ཐེབས་པའི་ཤན་ཤུགས་ལ་ཟེར།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྲིག་འཛུགས།
ནང་གསེས།
བྱེད་ནུས།
ཁྱད་ཆོས།
སྤྱི་ཚོགས་འཚོ་བ་དངོས་ལ་ཤན་ཤུགས་ཆེ་བ།


1 ངོ་སྤྲོད།

རྩ་ཁྲིམས་ཀྱི་བྱེད་ནུས་ནི།  རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས།  སྤྱི་དམངས་དང་མི་སྒེར་གྱི་སྤྱོད་པ། སྤྱི་ཚོགས་འཚོ་བ་དངོས་བཅས་ལ་ཐེབས་པའི་ཤན་ཤུགས་ལ་ཟེར། རྩ་ཁྲིམས་ཀྱི་བྱེད་ནུས་ནི། རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་དང་མི་སྒེར་གྱི་སྤྱོད་པ། སྤྱི་ཚོགས་འཚོ་བ་དངོས་ལ་ཐེབས་པའི་ཤུགས་རྐྱེན་བསྟན་ཡོད།  དེ་ནི་རྒྱལ་ཁབ་འདུ་ཤེས་ཀྱི་མངོན་ཚུལ་ཞིག་ཀྱང་ཡིན། གཤམ་གྱི་ཕྱོགས་བཞི་རུ་རྩ་ཁྲིམས་ཀྱི་བྱེད་ནུས་དབྱེ་ཡོད།

2 སྤྱི་དམངས་ཀྱི་གཞི་རྩའི་དབང་ཆ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་བྱེད་ནུས།

དེང་སྐབས་ཀྱི་རྩ་ཁྲིམས་ཀྱི་ངོ་བོ་ཇི་ལྟ་བུ་ཞིག་ཡིན་ཡང་།  འདི་ནི་རྩ་ཁྲིམས་ཀྱི་དམངས་གཙོའི་རང་བཞིན་གྱི་མཚོན་རྟགས་ཤིག་ཡིན། རྩ་ཁྲིམས་ཀྱིས་སྤྱི་དམངས་ཀྱི་གཞི་རྩའི་དབང་ཆ་དེ་རྣམ་པ་མི་འདྲ་བའི་སྒོ་ནས་ཇེ་ཆེར་བཏང་སྟེ། སྤྱི་དམངས་ཀྱིས་དབང་ཆ་སྤྱོད་པའི་རྩ་དོན་ཡང་མངོན་སུམ་གྱིས་གཏན་འབེབས་བྱས་ཤིང་།  རྒྱལ་ཁབ་ཀྱི་ལས་ཁུངས་རིམ་པའི་དབང་ཆའི་ཁྱབ་ཁོངས་ཀྱང་གཏན་ཁེལ་བྱས་ཏེ། རྒྱལ་ཁབ་རིམ་པའི་ལས་ཁུངས་ཀྱིས་སྤྱི་དམངས་ཀྱི་རྩ་བའི་དབང་ཆར་ཐེ་གཏོགས་བྱེད་པ་སྔོན་འགོག་བྱས་ཡོད། 

3 ཆབ་སྲིད་ལམ་ལུགས་སྲུང་སྐྱོང་དང་བདེན་འཛིན་ཐད་ཀྱི་བྱེད་ནུས།

(1)རྒྱལ་ཁབ་ཀྱི་དབང་ཆར་གཏོགས་མིན་གྱི་གནད་དོན་ཐག་གཅོད་བྱེད་དགོས།  རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་དབང་ཆའི་བར་གྱི་འབྲེལ་བ་ནི་ཁོངས་གཏོགས་ཀྱི་འབྲེལ་བ་ཡིན་ལ།  རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་དབང་ཆའི་ཁོངས་སུ་གཏོགས་ལ་རྒྱལ་ཁབ་ཀྱི་དབང་ཆ་སྲ་བརྟན་དང་སྲུང་སྐྱོང་བྱེད་པའི་ནུས་པ་ཡང་ལྡན།

(2)རྒྱལ་ཁབ་ཀྱི་དབང་ཆ་རྩ་འཛུགས་ཀྱི་རྣམ་པ་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་རྣམ་པ་གཏན་ཁེལ་བྱེད་པ།

(3)རྒྱལ་ཁབ་རིམ་པའི་ལས་ཁུངས་ཀྱི་དབང་ཆའི་སྤྱོད་སྒོ་འཐུས་ཚང་དུ་བཏང་བ། དེའི་མཚོན་རྟགས་ནི་རྒྱལ་ཁབ་རིམ་པའི་ལས་ཁུངས་ལ་དབང་ཆ་བསྩལ་བ་དང་ཚོད་འཛིན་བྱེད་པ་དེ་ཡིན་ནོ།།

4 དཔལ་འབྱོར་འཚོ་བ་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བྱེད་ནུས།

རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཁྲིམས་ལུགས་ཤིག་ཡིན་པའི་ཆ་ནས།   དེའི་བྱེད་ནུས་ཆབ་སྲིད་ཀྱི་ཐད་ནས་མཚོན་པ་མ་ཟད་དཔལ་འབྱོར་གྱི་ཐད་ནས་མངོན་པར་མཚོན་ཡོད།

(1)རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་གཏན་ཁེལ་བྱེད་མོད།  མ་རྩ་རིང་ལུགས་རྒྱལ་ཁབ་ཀྱིས་དཔལ་འབྱོར་ལམ་ལུགས་གང་ཞིག་ལག་བསྟར་བྱེད་པ་རྒྱས་བཤད་མི་བྱེད་པར། སྒེར་གྱི་རྒྱུ་ནོར་ལ་ཐེ་གཏོགས་བྱ་མི་རུང་བ་གཏན་འཁེལ་བྱ་ངེས། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལ་མཚོན་ན་མངོན་གསལ་གྱིས་སྤྱི་ལ་དབང་བའི་ལམ་ལུགས་གཏན་འཁེལ་བྱས་ཡོད།།

(2)རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་གཏན་འབེབས་བྱེད་པ།

(3)རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་གཏན་འབེབས་བྱེད་པ།

5 ཁྲིམས་ལུགས་འཛུགས་སྐྲུན་ཐད་ཀྱི་བྱེད་ནུས།  

རྩ་ཁྲིམས་ནི་ཁྲིམས་སྐྱོང་གི་སྙིང་བོ་ཡིན་ལ། ཁྲིམས་ལུགས་ཀྱི་རྨང་གཞི་དང་རྟེན་གཞིའང་ཡིན།   རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཡིན་པའི་ཆ་ནས།   རྒྱལ་ཁབ་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་གྱི་སྤྱིའི་རྟེན་གཞིའང་ཡིན། དེས་ཁྲིམས་འཛུགས་དང་ཁྲིམས་འཛིན། ཁྲིམས་སྲུང་བཅས་ལ་བྱེད་ནུས་གལ་ཆེན་ཐོན་པ་མ་ཟད། ཁྲིམས་ལུགས་ལག་བསྟར་དང་རང་རྒྱལ་ཁྲིམས་ལུགས་སྲུང་སྐྱོབ་ཀྱི་ལ་རྒྱ་དང་གཅིག་གྱུར་ལ་དོན་སྙིང་གལ་ཆེན་ལྡན། འདི་དག་ཐད་ཀྱི་བྱེད་ནུས་མཚོན་ཚུལ་གཙོ་བོ་ནི། 

(1)རྩ་ཁྲིམས་ཀྱིས་སྤྱིར་བཏང་གི་བཅའ་ཁྲིམས་འཛུགས་པར་ཁྲིམས་འཛུགས་ཀྱི་རྟེན་གཞི་མཁོ་སྤྲོད་བྱས་ཡོད།

(2)རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཅིག་གྱུར་ཡོང་བར་འགན་ལེན་བྱས་ཡད་པར་མ་ཟད།  རྩ་ཁྲིམས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་བྱེད་ནུས་གལ་ཆེན་བཏོན་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།