རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ཁྱད་ཆོས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ཁྱད་ཆོས་ལ། མཛུབ་སྟོན་བྱེད་པའི་ཁྱད་ཆོས་ཡོད་པ་སྟེ། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་ཀྱི་བསམ་བློའི་ཁྱད་ཆོས་ལྡན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྲིག་འཛུགས།
ནང་གསེས།
བསམ་བློའི་སྒྲིག་འཛུགས།
ཁྱད་ཆོས།
གཅིག་སྒོས་ཡིག་ཐོག་ཏུ་བཀོད་པའི་རྩ་ཁྲིམས་ཤིག་ཡིན།
1 ངོ་སྤྲོད།

རང་རྒྱལ་གྱི་རྩ་ཁྲིམས་ཀྱི་ཁྱད་ཆོས་ལ།  མཛུབ་སྟོན་བྱེད་པའི་ཁྱད་ཆོས་ཡོད་པ་སྟེ། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་ཀྱི་བསམ་བློའི་ཁྱད་ཆོས་ལྡན།

2 བསམ་བློའི་ཁྱད་ཆོས།

བསམ་བློའི་ཐད་ནས་མཛུབ་སྟོན་བྱེད་པའི་ཁྱད་ཆོས་ཡོད་པ་སྟེ། མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་བཅས་ཡིན།

3 ནང་དོན་གྱི་ཁྱད་ཆོས།

ནང་དོན་གྱི་ཐད་ནས། མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་དང་།  མི་དམངས་འཐུས་མི་ཚོགས་ཆེན། མི་རིགས་རང་སྐྱོང་ས་ཁོངས། དམིགས་བསལ་སྲིད་འཛིན་ས་ཁུལ། གཞི་རིམ་མང་ཚོགས་རང་སྐྱོང་སོགས་ཕུད་པ་ལས་གཞན། ད་དུང་ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་རྩ་བའི་དཔལ་འབྱོར་ལམ་ལུགས་དང་རྩ་བའི་དཔལ་འབྱོར་སྲིད་ཇུས་གཏན་ཕབ་བྱས་ཡོད་པ་བཅས་ཡོད།

4 སྒྲིག་གཞིའི་ཁྱད་ཆོས།

སྒྲིག་གཞིའི་ཕྱོགས་ནས། གླེང་གཞི་ཅུང་རིང་ཙམ་ཞིག་ཡོད་ལ། གླེང་གཞིས་རྒྱལ་ཁབ་ཀྱི་སྤྱིའི་བསམ་བློར་མཛུབ་སྟོན་དང་རྩ་བའི་འོས་འགན་སྐོར་བསྒྲགས་ཡོད། རྒྱལ་ཁབ་ཀྱི་སྤྱིའི་ཁ་ཕྱོགས་དང་། སྤྱིའི་སྲིད་ཇུས་གསལ་སྟོན་བྱས་ཡོད་ལ། དེར་མངོན་གསལ་གྱི་ཁྱད་ཆོས་ཀྱང་ལྡན་ཡོད།

5 རྣམ་པའི་ཁྱད་ཆོས།

རྣམ་པའི་ཕྱོགས་ཀྱི་ཁྱད་ཆོས་ནི། གཅིག་གྱུར་སྒོས་ཡིག་ཐོག་ཏུ་བཀོད་ཡོད་པའི་རྩ་ཁྲིམས་ཡིན།

6 གཏན་འཁེལ་དང་བཟོ་བཅོས་ཕྱོགས་ཀྱི་ཁྱད་ཆོས།

རྩ་ཁྲིམས་གཏན་འཁེལ་དང་བཟོ་བཅོས་ཕྱོགས་ཀྱི་ཁྱད་ཆོས་ནི།   མི་དམངས་ཀྱི་འདོད་བློ་དང་ཏང་གི་འདོད་ཕྱོགས་ཀྱི་ཆེས་མཐོ་བའི་གཅིག་གྱུར་ཞིག་ཡིན་པའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།