འདེམས་བསྐོའི་དབང་ཆ་ཡོད་པའི་སྤྱི་དམངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་ཁབ་ཀྱི་འཐུས་ཚབ་ལས་ཁུངས་ཀྱི་འཐུས་མིའམ་གཞུང་དོན་ལས་སྣ་གཞན་དག་གང་རུང་དུ་གདམ་ཆོག་པའི་དབང་ཆ་ཡོད་པའི་སྤྱི་དམངས་ལ་འདེམས་བསྐོ་དང་བདམ་བྱའི་དབང་ཆ་ཡོད་པའི་སྤྱི་དམངས་ཟེར།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཁེ་དབང་བཅའ་ཁྲིམས།
ནང་གསེས།
འདེམས་བསྐོའི་ཁེ་དབང་།
ཁྱད་ཆོས།
རྩ་ཁྲིམས་ཀྱིས་གཏན་ལ་ཕབ་པ།
1 ​ངོ་སྤྲོད།

རྒྱལ་ཁབ་ཀྱི་འཐུས་ཚབ་ལས་ཁུངས་ཀྱི་འཐུས་མིའམ་གཞུང་དོན་ལས་སྣ་གཞན་དག་གང་རུང་དུ་གདམ་ཆོག་པའི་དབང་ཆ་ཡོད་པའི་སྤྱི་དམངས་ལ་འདེམས་བསྐོ་དང་གདམ་བྱའི་དབང་ཆ་ཡོད་པའི་སྤྱི་དམངས་ཟེར།

2 ནང་དོན།

འདེམས་བསྐོའི་དབང་ཆ་ནི་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་འཐུས་མི( དཔེར་ན་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་གྱི་འཐུས་མི)དང་གཞུང་དོན་ལས་སྣ་གཞན་དག(དཔེར་ན་རིམ་པ་སོ་སོའི་སྲིད་གཞུང་གི་དབུ་གཙོ)འདེམ་བསྐོ་བྱེད་པའི་དབང་ཆ་ཡོད་པ་དེར་བསྟན་ཅིང་། གདམ་བྱའི་དབང་ཆ་ཞེས་པ་ནི་སྤྱི་དམངས་དེ་རྒྱལ་ཁབ་ཀྱི་འཐུས་ཚབ་ལས་ཁུངས་ཀྱི་འཐུས་མིའམ་གཞུང་དོན་ལས་སྣ་གཞན་དག་གང་རུང་དུ་གདམ་ཆོག་པའི་དབང་ཆ་ཡོད་པ་དེར་བསྟན་པ་ཡིན།  

(1)ཀྲུང་གོའི་རྒྱལ་ཁོངས་ཡིན་པ། 

(2)རང་ལོ་བཅོ་བརྒྱད་དུ་སོན་པ།

(3)ཁྲིམས་ལྟར་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་མེད་པ།     

སྤྱི་དམངས་ཀྱི་ཁེ་དབང་སྤྱོད་སྐབས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན། སྤྱི་དམངས་སུ་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་དབང་ཆ་ཡོད་པ་དང་ཆབས་ཅིག་འོས་འགན་རྣམས་ངེས་པར་དུ་བསྒྲུབ་དགོས།  སྤྱི་དམངས་ཀྱིས་ཁེ་དབང་དང་རང་དབང་ལོངས་སུ་སྤྱོད་དུས་རྒྱལ་ཁབ་དང་སྤྱི་ཚོགས། ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བྱེད་མི་ཆོག


བརྡ་འགྲེལ་གདོང་འཛར།

རྩ་ཁྲིམས། འདེམས་བསྐོ། དབང་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།