བཙན་གཡེམ་དང་ལོག་གཡེམ་གྱི་ནག་ཉེས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཙན་གཡེམ་དང་ལོག་གཡེམ་གྱི་ནག་ཉེས་ནི། བུད་མེད་ཚོའི་འདོད་བློ་དང་འགལ་ཏེ་བཙན་ཤེད་དང་འཇིགས་སྐུལ། ཡང་ན་ཐབས་ཤེས་གཞན་དག་སྤྱད་ནས། བཙན་དྲག་སྒོས་བུད་མེད་དང་ལུས་འབྲེལ་བཞག་པའམ་ལོ་ཚོད་མ་ལྡེང་བའི་བུ་མོར་ལས་འབྲེལ་བྱས་པ་སོགས་ཀྱི་བྱ་སྤྱོད་ལ་ཟེར།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཉེས་དོན།
ནང་གསེས།
བཙན་གཡེམ་དང་ལོག་གཡེམ་གྱི་ནག་ཉེས།
ཁྱད་ཆོས།
ནག་ཉེས་དབྱེ་ཞིབ།
1 ངོ་སྤྲོད།

བཙན་གཡེམ་དང་ལོག་གཡེམ་གྱི་ནག་ཉེས་ནི། བུད་མེད་ཚོའི་འདོད་བློ་དང་འགལ་ཏེ་བཙན་ཤེད་དང་འཇིགས་སྐུལ།  ཡང་ན་ཐབས་ཤེས་གཞན་དག་སྤྱད་ནས། བཙན་དྲག་སྒོས་བུད་མེད་དང་ལུས་འབྲེལ་བཞག་པའམ་ལོ་ཚོད་མ་ལྡེང་བའི་བུ་མོར་ལས་འབྲེལ་བྱས་པ་སོགས་ཀྱི་བྱ་སྤྱོད་ལ་ཟེར།

2 གྱོད་དཔེ།

ཚེ་རིང་དང་དོན་གྲུབ། དཔལ་ལྡན་གསུམ་ནི་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཡིན། དུས་རྒྱུན་མཉམ་དུ་སློབ་སྦྱོང་བྱེད་པ་དང་མཉམ་དུ་ཟ་མ་ཟ་བཞིན་མལ་ཁང་གཅིག་གི་ནང་དུ་བསྡད་ཡོད།  སློབ་གྲོགས་སུའི་ཁྱིམ་ནས་སྒོར་མོ་བསྐུར་ཡོང་ན་ཁོ་གསུམ་པོས་ཟ་ཁང་ཞིག་ནས་མཉམ་དུ་ཟ་མ་འོས་འཚམ་རེ་ཟ་ཞིང་ཆ་རྐྱེན་བཟང་དུས་ཆང་ཡང་ཅུང་ཙམ་རེ་འཐུང་། གཟའ་ཕུར་བུའི་ཕྱི་དྲོ་དོན་གྲུབ་ཀྱི་ཁྱིམ་ནས་ཁོ་ལ་སྒོར་མོ་ལྔ་བརྒྱ་འཚོ་བའི་ཁ་སྣོན་དུ་བསྐུར། གཟའ་པ་སངས་ཀྱི་ཉིན་གུང་ཁོ་གསུམ་གྱིས་སློབ་གྲྭའི་ཕྱི་རོལ་གྱི་ཟ་ཁང་ཞིག་ནས་ཟ་མ་ཟ་ཞོར་དུ་ཆང་དཀར་རྒྱ་མ་གཉིས་འཐུང་། དཔལ་ལྡན་ཆང་གིས་ཅུང་བཟི་བ་དང་ཚེ་རིང་དང་དོན་གྲུབ་གཉིས་དེ་འདྲ་བཟི་མེད། ཕྱིར་སློབ་གྲྭར་འགྲོ་བའི་ལམ་བར་དུ་འཛིན་གྲྭ་གཞན་ཞིག་གི་སློབ་གྲོགས་ཚེ་སྐྱིད་དང་འཕྲད། ཁོ་ཚོ་ཕན་ཚུན་ཆ་རྒྱུས་མེད་ཀྱང་ཆང་གི་སྟོབས་ཀྱིས་ཚེ་སྐྱིད་ལ་འོས་མིན་གྱི་གཏམ་མང་པོ་བཤད། སློབ་གྲོགས་ཚེ་སྐྱིད་ཀྱིས་ཁོ་ཚོས་ཆང་འཐུང་ཡོད་པ་ཤེས་ཏེ་ཁ་ཡ་མ་བྱས་པར་སློབ་གྲྭའི་ཕྱི་རོལ་ཏུ་བྲོས། ཕྱིར་སློབ་གྲྭར་ཡོང་བའི་ལམ་བར་དུ་ཡང་བསྐྱར་ཁོ་གསུམ་དང་འཕྲད།  ཁོ་གསུམ་གྱིས་སློབ་གྲོགས་ཚེ་སྐྱིད་བཙན་གྱིས་སློབ་གྲྭའི་ཕྱི་རོལ་ཏུ་ཁྲིད་ཅིང་སློབ་གྲྭའི་ཕྱི་རོལ་གྱི་ཞིང་ཚིགས་བར་ནས་བཙན་གཡེམ་བྱས།

3 ཁྲིམས་བཤད།

བཙན་གཡེམ་ནི་གདུག་རྩུབ་ཆེ་ཞིང་ཡ་ང་བའི་བྱ་སྤྱོད་ཅིག་ཡིན་པས་གནའ་སྔ་མོ་ནས་མི་རྣམས་དེར་སྡང་བ་ཡིན།  ནག་ཉེས་འདིའི་རིགས་ཀྱིས་བུད་མེད་ཚོའི་མི་ལུས་རང་དབང་ལ་གནོད་འཚེ་བཏང་བ་དང་བུད་མེད་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་བཟོས་པར་མ་ཟད། དུས་རྟག་ཏུ་ལོག་གཡེམ་ཐེབས་པར་བརྟེན་གནོད་སྐྱོན་ཐེབས་མཁན་ཤི་བ་དང་རང་སྲོག་རང་གིས་གཅོད་པའི་སྐྱོ་གར་གྱི་མཐའ་འབྲས་བཟོས་ཏེ་རྒྱུན་ལྡན་གྱི་ཐོན་སྐྱེད་སྒྲིག་རིམ་དང་འཚོ་བའི་སྒྲིག་སྲོལ་ལ་གཏོར་བརླག་ཚབས་ཆེན་བཟོས་པས། དེ་ནི་སྔ་མོ་ནས་ང་ཚོའི་རྡུང་རྡེག་བྱེད་ཡུལ་གཙོ་བོ་ཡིན། 

བུད་མེད་ལ་བཙན་གཡེམ་བྱས་པའི་ནག་ཉེས་ནི། བུད་མེད་ཚོའི་འདོད་བློ་དང་འགལ་ཏེ། བཙན་ཤེད་དང་འཇིགས་སྐུལ།  ཡང་ན་ཐབས་ཤེས་གཞན་དག་སྤྱད་ནས། བཙན་དྲག་སྒོས་བུད་མེད་དང་ལུས་འབྲེལ་བཞག་པའི་བྱ་སྤྱོད་ལ་ཟེར། འདིར་བཤད་པའི་ཐབས་ཤེས་བཙན་པོ་ཟེར་བ། གཅིག་ནི་བཙན་ཤུགས་སྤྱད་པ་སྟེ།

དཔེར་ན། གནོད་སྐྱོན་ཐེབས་མཁན་བུད་མེད་དེའི་མི་ལུས་ལ་དྲག་ཤུགས་སྤྱད་པ་དང་། རྡུང་རྡེག་དང་བཀྱིག་སྡོམ།  ཁ་ཁོག་པ་སོགས་ཐབས་བཙན་པོ་སྤྱད་པར་བརྟེན། བུད་མེད་དེས་འགོག་རྒོལ་བྱེད་ནུས་ཤོར་ཏེ་བཙན་གཡེམ་བྱས་པ་དང་། གཉིས་ནི་འཇིགས་སྐུལ་སྟེ། ཉེས་ཅན་གྱིས་གནོད་ཐེབས་མཁན་བུད་མེད་ལ་འཇིགས་སྣང་སྐུལ་བ་སོགས་ཀྱིས་བཙན་ཤེད་བྱེད་པའི་ཐབས་ཤེས་སྤྱད་པ། དཔེར་ན། འཁོན་ལན་སློག་ནས་གསོད་རྡུང་བྱེད་རྒྱུ་ཟེར་བ་དང་། སྒེར་གྱི་གསང་བ་མཚང་འདོན་རྒྱུ་ཟེར་བ་དང་། ཉེ་འབྲེལ་ལ་གནོད་སྐྱེལ་བའི་འཇིགས་སྣང་སྐུལ་བ།    རྨོངས་དད་བེད་སྤྱད་ནས་འཇིགས་སྣང་སྐུལ་བ་དང་མགོ་སྐོར་གཏོང་བ། གསོ་སྐྱོང་གི་འབྲེལ་བ་དང་ཁོངས་གཏོགས་ཀྱི་འབྲེལ་བ། གོ་གནས་དང་རོགས་མེད་ཁེར་རྐྱང་གི་ཁོར་ཡུག་ཆ་རྐྱེན་སོགས་བེད་སྤྱད་དེ་གཅུན་པ་དང་གནོད་འཚེ་སོགས་ཀྱིས་བུད་མེད་ལ་བརྙས་བཅོས་བྱས་ཏེ་ཁས་ལེན་དུ་བཅུག་པས། བུད་མེད་དེས་ངོ་རྒོལ་བྱེད་མ་ཕོད་པར་དེར་ལུས་འབྲེལ་བྱུང་བ། གསུམ་ནི་ཐབས་ཤེས་གཞན་དག་སྟེ། བཙན་ཤེལ་དང་འཇིགས་སྐུལ་ལས་གཞན་པའི་ཐབས་ཤེས་སྤྱོད་པ། དཔེར་ན།  བུད་མེད་གཉིད་ལོག་པ་དང་ནད་བྱུང་ནས་རྒྱབ་རོགས་མེད་པའི་གོ་སྐབས་དང་བསྟུན་པའམ། ཆང་གིས་བཟི་རུ་འཇུག་པ། མགོ་སྐོར་བཏང་ནས་སྦྲིད་སྨན་རྒྱག་པ། ནད་བཅོས་སོགས་བྱེད་ཐབས་ཀྱིས་བུད་མེད་ལ་འགོག་རྒོལ་གྱི་ནུས་པ་འཆོར་དུ་བཅུག་ནས་ལོག་གཡེམ་གྱི་དམིགས་ཡུལ་འགྲུབ་དུ་འཇུག་པ་སོགས་སོ།།  མདོར་ན།  ཐབས་ཤེས་གང་འདྲ་ཞིག་སྤྱད་ནའང་བུད་མེད་ཀྱི་འདོད་བློ་དང་འགལ་ནས་བཙན་གྱིས་ལོག་གཡེམ་བྱས་པ་ཚང་མ་བུད་མེད་ལ་བཙན་གཡེམ་བྱས་པའི་ནག་ཉེས་ཡིན་ནོ།།

ལོ་བཅུ་བཞི་མ་ལོན་པའི་བུ་མོར་བཙན་གཡེམ་བྱས་པར།  ཐབས་ཤེས་གང་འདྲ་ཞིག་སྤྱད་ནའང་འདྲ།  གནོད་ཐེབས་མཁན་བུ་མོ་འཐད་མིན་གང་ཡིན་ཡང་། དེ་དང་ལུས་འབྲེལ་བྱུང་ན།  ན་ཆུང་བུ་མོར་ལོག་གཡེམ་གྱི་ནག་ཉེས་བཟོས་པ་ཡིན་ལ། བཙན་གཡེམ་ལྟར་ཉེས་ཆད་གཅོད་དགོས་པར་མ་ཟད་ཉེས་ཆད་ལྕི་མོ་གཅོད་དགོས།

སྐྱེས་པ་གཉིས་ཡན་ཆད་ཀྱིས་དུས་ཚོད་གཅིག་གི་ནང་ལ། བཙན་ཤེད་དང་འཇིགས་སྐུལ་ལམ། ཐབས་ཤེས་གཞན་དག་སྤྱད་དེ་རེས་མོས་ཀྱིས་བུད་མེད་གཅིག་ལ་བཙན་གཡེམ་བྱེད་པའི་བྱ་སྤྱོད་ནི། བཙན་གཡེམ་གྱི་ནག་ཉེས་ལས་བྱུང་རིམ་ཧ་ཅང་གདུག་རྩུབ་ཅན་གྱི་ནག་ཉེས་ཤིག་ཡིན་པས། བཙན་གཡེམ་གྱི་ནག་ཉེས་ལྟར་ཉེས་ཆད་ལྕི་མོ་གཅོད་དགོས།

ཉེས་ཁྲིམས་ལས་གཏན་ལ་ཕབ་པ་ལྟར་ན། བཙན་གཡེམ་གྱི་ནག་ཉེས་བཟོ་མཁན་ལ། ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་དུས་བཅད་བཙོན་འཇུག་གི་ཉེས་ཆད་གཅོད་དགོས་ཤིང་། བྱུང་རིམ་ཧ་ཅང་ཚབས་ཆེ་བའམ་ཡང་ན་རྨས་སྐྱོན་ལྕི་མོ་བཟོས་པ་དང་ཤི་སྐྱོན་བྱུང་ན།  ལོ་བཅུ་ཡན་ཆད་ཀྱི་དུས་བཅད་བཙོན་འཇུག་དང་། ཚེ་བཙོན་ཡང་ན་སྲོག་ཆད་བཅས་གཅོད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།