པ་སེ་རྫུན་བཙོང་གི་གྱོད་གཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པ་སེ་རྫུན་བཙོང་གི་གྱོད་གཞི་ཞེས་པའི་གྱོད་གཞི་འདིའི་མིང་ཆ་ཚང་ལ་པ་སེ་རྫུན་བཙོང་བྱེད་པ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་མིན་སྐོར་གྱི་གྱོད་གཞི་ཟེར་ཞིང་། འདིར་འབྲེལ་ཡོད་ཁྲིམས་བཤད་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཉེས་དོན།
ནང་གསེས།
པ་སེ་རྫུན་འཚོང་གི་ནག་ཉེས།
ཁྱད་ཆོས།
ནག་ཉེས་དབྱེ་ཞིབ།
1 ངོ་སྤྲོད།

པ་སེ་རྫུན་བཙོང་གི་གྱོད་གཞི་ཞེས་པའི་གྱོད་གཞི་འདིའི་མིང་ཆ་ཚང་ལ་པ་སེ་རྫུན་བཙོང་བྱེད་པ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་མིན་སྐོར་གྱི་གྱོད་གཞི་ཟེར་ཞིང་།  འདིར་འབྲེལ་ཡོད་ཁྲིམས་བཤད་གཞིར་བཟུང་ནས་གྱོད་དོན་དབྱེ་ཞིབ་བྱས་ཡོད།

2 གྱོད་དཔེ།

གཡང་ཕྱུག་ནི་ཁྲི་ཀ་རྫོང་རང་འབབ་ཆུའི་ཀུང་སིའི་ལས་བཟོ་བ་དཀྱུས་མ་ཞིག་ཡིན་པ་དང་། སྤྱི་ལོ2008ལོའི་ཟླ7པ་ནས་ཟླ8པའི་ནང་ཁོ་རང་མཛའ་མོ་བསོད་ནམས་སྒྲོལ་མ་དང་མཉམ་དུ་ནང་ལོགས་ཀྱི་གྲོང་ཁྱེར་ཆིན་ཏོ་དང་ཧྲང་ཧེ་སོགས་ལ་ལྟ་སྐོར་དུ་སོང་བས།  ལས་ཁུངས་ལ་ཁོ་ལ་ནད་ལྕི་མོ་ཞིག་ཕོག་ནས་སྨན་ཁང་ལ་བསྡད་ཡོད་ཅེས་རྫུན་བཤད་པ་རེད། ཕྱིར་ལོག་ཁར་ཁོས་ཟི་ལིང་གི་གྲོགས་པོ་ཞིག་བཙལ་ནས་སྨན་ཁང་དུ་བསྡད་པའི་དཔང་རྟགས་རྫུན་མ་ཞིག་དགོས་ཚུལ་བཤད་པས། གྲོགས་པོ་དེས་ཁོ་ལ་སྒོར500བྱིན་དང་ངས་ཁྱོད་ལ་དེའི་སྐོར་གྱི་འཛིན་བྱང་ཆ་ཚང་ཞིག་སྒྲུབ་ཡོང་ཟེར། དེ་ནས་ཉིན་ལྔ་འགོར་རྗེས་གྲོགས་པོ་དེས་ཁོ་ལ་ཞིང་ཆེན་མི་དམངས་སྨན་ཁང་ནས་ཞག་སྡོད་བྱས་པའི་ཟླ་གཅིག་དང་ཉིན་གསུམ་རིང་གི་སྨན་ཡིག་དང་། འཛིན་ཡིག་དང་འཛིན་བྱང་སོགས་ཆ་ཚང་ཁྱེར་ཡོང་བར་མ་ཟད། སྒོར15000གི་སྨན་རིན་གྱི་པ་སེའང་ཁྱེར་ནས་ཡོང་།  གཡང་ཕྱུག་གིས་དཔང་རྟགས་རྫུན་མ་དེ་དག་ལས་ཁུངས་ལ་སྤྲད་རྗེས། སྲིད་ཇུས་ལྟར70%ཁེ་སྤོགས་བླངས་ནའང་། ལོ་དེའི་ལོ་མཇུག་ཞིབ་རྩིས་ལས་ཁུངས་ཀྱིས་ཤེས་ནས་ཁོ་རང་འཛིན་བཟུང་བྱས་པ་རེད།                                                                                       

3 ཁྲིམས་བཤད།

པ་སེ་རྫུན་མ་བཙོང་བ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ལ། བྱ་སྤྱོད་དེའི་རིགས་ཀྱིས་ཁྲིམས་ཆད་འཁུར་དགོས་པ་ནི་སྨོས་མི་དགོས་པ་ཞིག་རེད།  དེ་ཡང་རང་རྒྱལ《ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། མེ་འཁོར་དང་རླངས་འཁོར་གྱི་པ་སེ་དང་། གྲུ་གཟིངས་ཀྱི་པ་སེ། སྦྲག་རྟགས་སམ་རིན་ལྡན་འཛིན་ཤོག་གཞན་དག་བཅས་རྫུན་བཟོ་བྱས་པའམ་ཡང་ན་རྫུན་བཟོ་བྱས་པ་དེ་དག་ལྐོག་འཚོང་བྱས་ནས་གྲངས་འབོར་ཆེ་ཙམ་ཡིན་པའི་རིགས་ལ་དུས་བཙོན་ལོ་གཉིས་མན་དང་བཙན་ཉར་ལས་སྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་། འཛིན་ཤོག་དེའི་གོང་ཚད་ཀྱི་ལྡབ་གཅིག་ནས་ལྡབ་ལྔ་བར་གྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་རྒྱུའམ་ཡང་ན་གཅིག་པུར་གཅོད་དགོས་ཤིང་། གྲངས་འབོར་ཧ་ཅང་ཆེ་རིགས་ལ་དུས་བཙོན་ལོ་གཉིས་ནས་ལོ་བདུན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་འཛིན་ཤོག་དེའི་གོང་ཚད་ཀྱི་ལྡབ་གཅིག་ནས་ལྡབ་ལྔ་བར་གྱི་ཉེས་ཆད་ཆབས་སྦྲགས་སུ་གཅོད་དགོས།

མེ་འཁོར་དང་རླངས་འཁོར་གྱི་པ་སེ་དང་གྲུ་གཟིངས་ཀྱི་པ་སེ་བཅས་ལྐོག་བཙོང་བྱས་པའི་ཉེས་པ་ཚབས་ཆེ་བའི་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་། པ་སེ་རིན་གོང་གི་ལྡབ་གཅིག་ནས་ལྡབ་ལྔ་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་དགོས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།