དམངས་འཐུས་ཚོགས་ཆེན་གྱི་འགན་བབ་དབང་ཆ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་འཐུས་ཚོགས་ཆེན་གྱི་འགན་བབ་དབང་ཆ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡོད་པའི་འགན་བབ་དབང་ཆ་དག་ལ་ཟེར།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩ་ཁྲིམས།
ནང་གསེས།
འགན་བབ་དབང་ཆ།
ཁྱད་ཆོས།
དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱི་དབང་ཆ།
1 ངོ་སྤྲོད།

དམངས་འཐུས་ཚོགས་ཆེན་གྱི་འགན་བབ་དབང་ཆ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡོད་པའི་འགན་བབ་དབང་ཆ་དག་ལ་ཟེར།

2 འགན་བབ་དོན་ཚན།

(1)རྩ་ཁྲིམས་བཟོ་བཅོས་བྱ་རྒྱུ།

(2)རྩ་ཁྲིམས་ལག་ལེན་དངོས་སུ་བསྟར་ཚུལ་ལ་ལྟ་སྐུལ་བྱ་རྒྱུ།

(3)ཉེས་དོན་དང་།  དམངས་དོན།  རྒྱལ་ཁབ་གཞུང་གི་ལས་ཁུངས་པའི་སྐོར་གྱི་བཅའ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞན་དག་གཏན་འབེབས་དང་བཟོ་བཅོས་བྱ་རྒྱུ།

(4)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་འདེམས་བསྐོ་བྱ་རྒྱུ།

(5)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་འོས་ཐོ་བཏོན་པར་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་གཏན་ཁེལ་བྱ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་འོས་ཐོ་བཏོན་པར་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་སྲིད་ཨུ་ཡོན། སྡེ་ཁག་སོ་སོའི་འགོ་པ། ཨུ་ཡོན་ལྷན་ཁང་ཁག་གི་ཀྲུའུ་རིན།  རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ཀྱི་འོས་མི་གཏན་ཁེལ་བྱ་རྒྱུ།

(6)ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་འདེམས་བསྐོ་བྱ་རྒྱུ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་འོས་ཐོ་བཏོན་པར་གཞིགས་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་གཞན་དག་གི་འོས་མི་གཏན་ཁེལ་བྱ་རྒྱུ།

(7)ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་འདེམས་བསྐོ་བྱ་རྒྱུ།

(8)ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་འདེམས་བསྐོ་བྱ་རྒྱུ།

(9)རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དང་། དེ་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་གྱིས་ཆོག་མཆན་འགོད་རྒྱུ།

(10)རྒྱལ་ཁབ་ཀྱི་སྔོན་རྩིས་དང་སྔོན་རྩིས་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་གྱིས་ཆོག་མཆན་འགོད་རྒྱུ།

(11)ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་དང་འབྲེལ་བ་མེད་པ་དག་བསྒྱུར་བའམ་ཕྱིར་འཐེན་བྱ་རྒྱུ།

(12)ཞིང་ཆེན་དང་།  རང་སྐྱོང་ལྗོངས།   ཐད་སྐྱོང་གྲོང་ཁྱེར་བཅས་བཙུགས་འཐུས་ཀྱི་ཆོག་མཆན་འགོད་རྒྱུ།

(13)དམིགས་བསལ་གྱི་སྲིད་འཛིན་ས་ཁུལ་འཛུགས་རྒྱུ་དང་དེའི་ལམ་ལུགས་གཏན་འབེབས་བྱ་རྒྱུ།

(14)དམག་འཁྲུག་དང་ཞི་བདེའི་དོན་དག་ཐག་གཅོད་རྒྱུ།

(15)རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱིས་འཛིན་འོས་པའི་འགན་བབ་དབང་ཆ་གཞན་དག་འཛིན་རྒྱུ་བཅས་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།