ཛ་ཡ་བློ་བཟང་འཕྲིན་ལས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

​ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ1642ལོར་ཡབ་ས་མཐར་མིང་ཅན་དང་ཡུམ་ཨོ་ཁི་ཏ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སོག་ཡིག་ལ་མཁས་པར་གྱུར་པས་ཆོས་བཀའ་མང་པོ་སོག་ཡིག་ཏུ་བསྒྱུར་བ་དང་། རབ་བྱུང་བཅུ་གཉིས་པའི་ས་བྱི་ལོ་སྟེ་སྤྱི་ལོ1708ལོར་འདས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཛ་ཡ་བློ་བཟང་འཕྲིན་ལས།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1642-1708ལོ)
ལས་རིགས།
ལོ་ཙཱ་བ།
1 ངོ་སྤྲོད།

ཁོང་ནི་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ1642ལོར་ཡབ་ས་མཐར་མིང་ཅན་དང་ཡུམ་ཨོ་ཁི་ཏ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བཞི་པར་འདུལ་འཛིན་བློ་གྲོས་རྒྱ་མཚོ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་ལྔ་པ་ཆེན་པོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། དགུང་ལོ་ཉེར་གསུམ་པར་རྒྱལ་དབང་ལྔ་པ་ཆེན་པོ་ལས་བསྙེན་རྫོགས་ཞུས་ཤིང་མཚན་ལ་བློ་བཟང་འཕྲིན་ལས་ཞེས་གནང་། པཎ་ཆེན་བློ་བཟང་ཆོས་རྒྱན་དང་། ཁྱབ་བདག་དགེ་འདུན་གྲུབ། སློབ་དཔོན་འཇམ་དབྱངས་གྲགས་པ། དགའ་ལྡན་ཁྲི་པ་བློ་བཟང་དོན་ཡོད་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད། དགུང་ལོ་སོ་བརྒྱད་པར་སོག་ཡུལ་དུ་ཕེབས་ཏེ་གདུལ་བྱ་རྣམས་སྨིན་པར་མཛད། སོག་ཡིག་ལ་མཁས་པར་གྱུར་ནས་ཆོས་བཀའ་མང་པོ་སོག་ཡིག་ཏུ་བསྒྱུར་བར་མཛད། རབ་བྱུང་བཅུ་གཉིས་པའི་ས་བྱི་ལོ་སྟེ་སྤྱི་ལོ1708ལོར་འདས།

2 གསུང་རྩོམ།

གསུང་རྩོམ་ནི《སྐྱེ་བ་སྔ་ཕྱིའི་བརྟག་པ་བསྟན་བཅོས་དངུལ་དཀར་མེ་ལོང》དང་། 《དོན་རྒྱན་སོ་ལྔའི་དཔེར་བརྗོད་ཚངས་སྲས་དགྱེས་པའི་གླུ་དབྱངས》 《ཡི་གེའི་བསྟན་བཅོས་མདོར་བསྡུས》བཅས་ཆོས་ཚན་སུམ་ཅུ་སོ་བཞི་ལོངས་པའི་པོད་ལྔ་བཞུགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།