བི་མ་ལ་མི་ཏྲ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་གི་གྲོང་ཁྱེར་དུ་ཡབ་བདེ་ཆེན་འཁོར་ལོའི་སྲས་སུ་སྐུ་བལྟམས་པའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོད་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བི་མ་ལ་མི་ཏྲ།
ཡབ།
བདེ་ཆེན་འཁོར་ལོ།
ལས་རིགས།
ལོ་ཙཱ་བ།
1 ངོ་སྤྲོད།

ཁོང་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོད་དུ་བྱོན་པའི་རྒྱ་གར་གྱི་སློབ་དཔོན་ཞིག་སྟེ་རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་གི་གྲོང་ཁྱེར་དུ་ཡབ་བདེ་ཆེན་འཁོར་ལོའི་སྲས་སུ་སྐུ་བལྟམས། སློབ་དཔོན་ཤྲྀ་སིངྷྭ་ལ་སོགས་པ་བསྟེན་ཏེ་རིག་པའི་གནས་བཅུ་ཕྲག་ལ་མཁས་ཤིང་། རྫོགས་པ་ཆེན་པོའི་ཕྱི་ནང་གསང་བའི་སྐོར་ཐུགས་ཉམས་སུ་བསྟར་བས་མཆོག་གི་དངོས་གྲུབ་བརྙེས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་བནྡེ་ཛྙཱ་ན་ཀུ་མ་ར་གཉིས་ལ་ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། རྒྱལ་པོར་གསང་མཚན་ཚངས་པ་ལྷའི་མེ་ཏོག་ཅེས་གསོལ།

2 བརྩམས་ཆོས།

《སྐྱབས་འགྲོ་ཡག་ལག་དྲུག་པ》དང་། 《ཤེར་སྙིང་རྒྱ་ཆེར་འགྲེལ་བ》 《འདུལ་བ་བམ་པོ་ལྔ་བཅུ་པ》སོགས་བརྩམས།

བརྡ་འགྲེལ་གདོང་འཛར།

བི་མ་ལ་མི་ཏྲ། ལོ་ཙཱ་བ། བརྩམས་ཆོས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།