དྲི་ཟའི་ལག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དྲི་ཟའི་ལག་པ།
ལོ་རེ་བཞིན་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། དན་ཁྲ་ནི་གནའ་སྔ་མོར་ཨ་ཧྥེ་རི་ཀ་གླིང་ནས་ཐོག་མར་ཐོན་ཞིང་། རྗེས་སུ་རིམ་བཞིན་འཛམ་གླིང་ས་གནས་ཁག་ཏུ་འདེབས་འཛུགས་བྱས་པས་རང་རྒྱལ་གྱི་ལྷོ་ཕྱོགས་ཡུལ་གང་ནས་ཀྱང་ཐོན་པ་དང་། སྤྱིར་ལོ་གཅིག་སྐྱེ་བའི་ལྡུམ་རིགས་ཡིན་ཀྱང་། ཚ་བ་ཆེ་བའི་ས་ཁུལ་དུ་རྩ་བ་ཚུགས་ནས་ལོ་མང་སྐྱེ་བའི་ཤིང་དུ་འགྱུར་བ། སྡོང་རྐང་ལྗང་གུ་དང་དམར་ཞད་ཡོད་པ་གྱེན་དུ་དྲང་པོར་སྐྱེ་བ། མཐོ་ཚད་སྨི2-3ཙམ་ཟིན་པ། དབྱིབས་ཁོ་འབུད་འདྲ་བ། ལོ་མ་ཁེར་རྐྱང་རེས་མོས་སུ་སྐྱེ་བ། ལོ་རྐང་རིང་ལ་ལོ་ལྡེབ་ལག་པའི་དབྱིབས་ཅན་ཁ་དབྲག་དང་རྩེ་མོ་བདུན་ནམ་དགུ་རེ་ཡོད་པ། རྩ་རིས་གཙོ་བོ་གདུགས་རྩིབ་ལྟ་བུ་ལ་དཀྱིལ་དུ་སྡོམ་ཐག་གི་དྲ་བ་ལྟ་བུའི་རྩ་རིས་ཀྱིས་སྐོར་བ། ཆེ་བ་ལྕུམ་ལོ་ཙམ་པ། མེ་ཏོག་གི་སྙེ་མའང་ཕལ་ཆེར་ལྕུམ་གྱི་མེ་ཏོག་དང་འདྲ་བ། གང་བུ་ཟླུམ་རིལ་སྒང་གསུམ་ཅན་ཚེར་མས་ཁྱབ་པ། སྨིན་རྗེས་ཁ་གདང་བ། ནང་དུ་འབྲས་བུ་ཡོད་པ་ཞིག་གོ༎
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蓖麻
ཁོངས་གཏོགས།
ཤིང་སྨན་གྱི་རིགས།
མིང་གཞན།
དན་ཁྲ།
1 ངོ་སྤྲོད།

ལོ་རེ་བཞིན་སྐྱེ་བའི་ལྡུམ་བུ་ཐང་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ།  དན་ཁྲ་ནི་གནའ་སྔ་མོར་ཨ་ཧྥེ་རི་ཀ་གླིང་ནས་ཐོག་མར་ཐོན་ཞིང་། རྗེས་སུ་རིམ་བཞིན་འཛམ་གླིང་ས་གནས་ཁག་ཏུ་འདེབས་འཛུགས་བྱས་པས་རང་རྒྱལ་གྱི་ལྷོ་ཕྱོགས་ཡུལ་གང་ནས་ཀྱང་ཐོན་པ་དང་། སྤྱིར་ལོ་གཅིག་སྐྱེ་བའི་ལྡུམ་རིགས་ཡིན་ཀྱང་། ཚ་བ་ཆེ་བའི་ས་ཁུལ་དུ་རྩ་བ་ཚུགས་ནས་ལོ་མང་སྐྱེ་བའི་ཤིང་དུ་འགྱུར་བ། སྡོང་རྐང་ལྗང་གུ་དང་དམར་ཞད་ཡོད་པ་གྱེན་དུ་དྲང་པོར་སྐྱེ་བ། མཐོ་ཚད་སྨི2-3ཙམ་ཟིན་པ། དབྱིབས་ཁོ་འབུད་འདྲ་བ། ལོ་མ་ཁེར་རྐྱང་རེས་མོས་སུ་སྐྱེ་བ། ལོ་རྐང་རིང་ལ་ལོ་ལྡེབ་ལག་པའི་དབྱིབས་ཅན་ཁ་དབྲག་དང་རྩེ་མོ་བདུན་ནམ་དགུ་རེ་ཡོད་པ། རྩ་རིས་གཙོ་བོ་གདུགས་རྩིབ་ལྟ་བུ་ལ་དཀྱིལ་དུ་སྡོམ་ཐག་གི་དྲ་བ་ལྟ་བུའི་རྩ་རིས་ཀྱིས་སྐོར་བ། ཆེ་བ་ལྕུམ་ལོ་ཙམ་པ། མེ་ཏོག་གི་སྙེ་མའང་ཕལ་ཆེར་ལྕུམ་གྱི་མེ་ཏོག་དང་འདྲ་བ། གང་བུ་ཟླུམ་རིལ་སྒང་གསུམ་ཅན་ཚེར་མས་ཁྱབ་པ། སྨིན་རྗེས་ཁ་གདང་བ། ནང་དུ་འབྲས་བུ་ཡོད་པ་ཞིག་གོ༎ དེའང་རང་ལྗོངས་སུ་འོང་བ་དང་སྨན་དུ་སྦྱར་བྱ་ནི་འབྲས་བུ་སྟེ། སྒོང་དབྱིབས་རྒྱས་འགྲངས་མཐེའུ་ཆུང་གི་མགོ་ཙམ་པ། མདུན་ངོས་ལེབ་ཞད་ཡོད་པ། སྣེ་གཅིག་ལ་རྩ་བའི་གོག་ཤུལ་ཡོད་པ། ཕྱི་སྐྱ་ཁྲ་འཇམ་ཞིང་འོད་དང་ལྡན་པ། སྦུར་ཁྲ་མགོ་བཅད་འདྲ་བ་སྟེ་ནང་གི་ཚི་གུ་དཀར་པོ་བཙིར་ན་སྣུམ་འབྱུང་བ། འཁྲུངས་དཔེར། འབྲས་བུ་ཁྲ་བོ་དན་རོག་འདྲ༎ ཞེས་གསུངས་སོ༎ རྒྱ་གར་དང༌། རང་རྒྱལ་གྱི་ལྷོ་ཕྱོགས་ས་གནས་ཁག་དང༌། བོད་ཀྱི་སྤོ་ཡུལ་དང༌། རྫ་ཡུལ། མེ་ཏོག་སོགས་ཀྱི་ལུང་ཤུར་དང༌། ཐང་རྒོད། ནགས་གསེབ་བཅས་སུ་སྐྱེ་བ་མང་ཞིང༌། འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་རྗེས། སྐམ་གསེད་ལེགས་པར་བྱས་ཏེ། འབྲུ་གུའི་ཕྱི་སྐོགས་ཚེར་ཅན་དོར་ནས་བེད་སྤྱོད་གཏོང་སྐབས། རྩམ་པའི་ནང་དུ་འབྲུ་གུ་བཏུལ་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ཞིང་མངར་ལ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ཞིང་བསིལ་ལ་རྣོ་བས་ནད་ཀུན་དྲག་པོ་ཐུར་དུ་སྦྱོང་བར་བྱེད་པ་ཡིན།

2 སྐྱེ་གནས།

རྒྱ་གར་དང༌། རྒྱ་ནག་ལྷོ་ཕྱོགས་ཀྱི་ས་གནས་ཁག་དང༌། བོད་ཀྱི་སྤོ་ཡུལ་དང༌། རྫ་ཡུལ། མེ་ཏོག་སོགས་ཀྱི་ལུང་ཤུར་དང༌། ཐང་རྒོད། ནགས་གསེབ་བཅས་སུ་སྐྱེ་བ་མང་།

3 སྦྱར་བྱ།

འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་རྗེས། སྐམ་གསེད་ལེགས་པར་བྱས་ཏེ། འབྲུ་གུའི་ཕྱི་སྐོགས་ཚེར་ཅན་དོར་ནས་བེད་སྤྱོད་གཏོང་སྐབས། རྩམ་པའི་ནང་དུ་འབྲུ་གུ་བཏུལ་ནས་སྨན་དུ་སྤྱོད།

4 ངོ་བོ།

རོ་ཚ་ཞིང་མངར་ལ་ཁ་བ། ཞུ་རྗེས་སྙོམས།

5 ཕན་ནུས།

བད་ཀན་གྱི་ནད་རིགས་ཀུན་དྲག་པོར་སྦྱོང་།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།