འཁོན་ཀླུའི་དབང་པོ་སྲུང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྤྱི་ལོ་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཡབ་དཀོན་པ་རྗེ་གུང་སྟག་དང་ཡུམ་གླང་བཟའ་ནེ་ཆུང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་དང་རྒྱ་གར་གྱི་ཆོས་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བའི་ལོ་ཙཱ་བ་ཞིག་བཅས་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
འཁོན་ཀླུའི་དབང་པོ་སྲུང་བ།
འཁྲུངས་ལོ།
དུས་རབས་བརྒྱད་པའི་དུས་སྟོད།
ཡབ།
དཀོན་པ་རྗེ་གུང་སྟག
ཡུམ།
གླང་བཟའ་ནེ་ཆུང་མ།
ལས་རིགས།
ལོ་ཙཱ་བ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཡབ་དཀོན་པ་རྗེ་གུང་སྟག་དང་ཡུམ་གླང་བཟའ་ནེ་ཆུང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་དང་རྒྱ་གར་གྱི་ཆོས་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་བའི་ལོ་ཙཱ་བ་ཞིག་བཅས་ཡིན།

2 གྲུབ་འབྲས།

བསམ་ཡས་གཙུག་ལག་ཁང་གི་སྦྱིན་བདག་ལག་དཔོན་མཛད་ནས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་ལོ་ཙཱ་བསླབས་ཤིང་ཆོས་གཞུང་དུ་མ་བོད་ཡིག་ཏུ་བསྒྱུར་པ་དང་། བོད་ལུགས་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ775ལོར་མཁན་པོ་བྷོ་དྷི་ས་དྭ་ལས་རབ་ཏུ་བྱུང་ཞིང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཐོག་ཏུ་ཡོངས་སུ་གྲགས་པའི་སད་མི་བདུན་གྱི་ཡ་གྱལ་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་ལོ་ཙཱ་བ་རབ་དགུའི་ནང་གསེས་བར་པ་གསུམ་གྱི་ཡ་གྱལ་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།