བསླབ་ཚན་གྱི་སྒྲིག་གཞི་གསར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བསླབ་ཚན་གྱི་སྒྲིག་གཞི་གསར་བ།
བསླབ་ཚན་གྱི་སྒྲིག་གཞི་ཞེས་པ་ལོ་དགུའི་འོས་འགན་སློབ་གསོའི་བསླབ་ཚན་དཀྱུས་གཅིག་ཏུ་བསྒྲིགས་པའི་ནང་། སློབ་ཆུང་གི་རིམ་པར་རིག་པ་སྣ་འཛོམས་ཀྱི་བསླབ་ཚན་གཙོ་བོར་བཟུང་ཡོད། སློབ་ཆུང་འཛིན་གྲྭ་འོག་མར་འཚོ་བ་དང་ཀུན་སྤྱོད། སྐད་ཡིག རྩིས་རིག ལུས་རྩལ། རོལ་དབྱངས་མཛེས་རྩལ་སོགས་བཀོད་སྒྲིག་དང་། སློབ་ཆུང་འཛིན་གྲྭ་གོང་མར་འཚོ་བ་དང་ཀུན་སྤྱོད། སྐད་ཡིག རྩིས་རིག ཕྱི་སྐད། ཕྱོགས་བསྡུས་ལག་ལེན་བྱེད་སྒོ། ལུས་རྩལ། རོལ་དབྱངས། མཛེས་རྩལ་སོགས་བྱེ་བྲག་པ་དང་སྣ་འཛོམས་བསླབ་ཚན་ཟུང་འབྲེལ་གྱི་ཚུལ་དུ་བཀོད་སྒྲིག་གཙོ་བོར་བཟུང་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བསླབ་ཚན་གྱི་སྒྲིག་གཞི་གསར་བ།
སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
ཁྱབ་ཁོངས།
འབྲིང་རིམ་སློབ་མ།
1 ངོ་སྤྲོད། 

བསླབ་ཚན་གྱི་སྒྲིག་གཞི་གསར་བ་ནི་ལོ་དགུའི་འོས་འགན་སློབ་གསོའི་བསླབ་ཚན་དཀྱུས་གཅིག་ཏུ་བསྒྲིགས་པའི་ནང་། སློབ་ཆུང་གི་རིམ་པར་རིག་པ་སྣ་འཛོམས་ཀྱི་བསླབ་ཚན་གཙོ་བོར་བཟུང་ཡོད། སློབ་ཆུང་འཛིན་གྲྭ་འོག་མར་འཚོ་བ་དང་ཀུན་སྤྱོད། སྐད་ཡིག རྩིས་རིག ལུས་རྩལ། རོལ་དབྱངས་མཛེས་རྩལ་སོགས་བཀོད་སྒྲིག་དང་། སློབ་ཆུང་འཛིན་གྲྭ་གོང་མར་འཚོ་བ་དང་ཀུན་སྤྱོད། སྐད་ཡིག རྩིས་རིག ཕྱི་སྐད། ཕྱོགས་བསྡུས་ལག་ལེན་བྱེད་སྒོ། ལུས་རྩལ། རོལ་དབྱངས། མཛེས་རྩལ་སོགས་བྱེ་བྲག་པ་དང་སྣ་འཛོམས་བསླབ་ཚན་ཟུང་འབྲེལ་གྱི་ཚུལ་དུ་བཀོད་སྒྲིག་གཙོ་བོར་བཟུང་ཡོད། བསམ་བློ་ཀུན་སྤྱོད། སྐད་ཡིག ཕྱི་སྐད་སོགས་དང་། དངོས་ལུགས། རྫས་འགྱུར། སྐྱེ་དངོས་སོགས་ཚན་རིག་གི་སྐོར། ལོ་རྒྱུས་དང་། ས་རྒྱུས་སོགས་སྤྱི་ཚོགས་སྐོར། ལུས་སྦྱོང་དང་བདེ་ཐང་གི་སྐོར། རོམ་དབྱངས་དང་མཛེས་རྩལ་སོགས་སྒྱུར་རྩལ་གྱི་སྐོར། ཕྱོགས་བསྡུས་ལག་ལེན་གྱི་བྱེད་སྒོ་བཅས་བཀོད་སྒྲིག་བྱས་ཡོད་དོ། །

2 གྲུབ་ཚུལ། 

བསླབ་ཚན་གསར་བའི་གྲུབ་ཚུལ་གྱི་མངོན་རྟགས་གསུམ་ནི་ཆ་སྙོམ་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། གདམ་གསེས་རང་བཞིན་བཅས་ཡིན་ནོ། ། མངོན་རྟགས་གསུམ་པོ་འདི་ནི་ཐེངས་འདིའི་བསླབ་ཚན་གྲུབ་ཚུལ་སྙོམ་སྒྲིག་གི་རྩ་དོན་གསུམ་དང་། ཁྱད་པར་འབྱེད་བྱེད་ཀྱི་ཆོས་གསུམ་དང་དོན་ལ་འཇུག་བྱེད་ཀྱི་ལྡེ་མིག་གསུམ་ཞེས་བརྗོད་བཞིན་ཡོད། 



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-08-08

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།