འཛིན་གྲྭའི་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛིན་གྲྭའི་རིག་གནས།
འཛིན་གྲྭའི་རིག་གནས་ཞེས་པ་འཛིན་གྲྭའི་སྤྱི་ཡོངས་ཀྱི་ཡོན་ཚད་ཀྱི་བསྡུས་མིང་ཡིན་ལ། སྤྱི་ཚོགས་ཀྱི་ཚོགས་པར་གྱུར་པའི་འཛིན་གྲྭའི་ཁོངས་མི་ཡོངས་སམ་ཆ་ཤས་སུ་གྲུབ་པའི་ཐུན་མོང་གི་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ། རྣམ་འགྱུར་བཅས་ཀྱིས་གྲུབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
班级文化
མིང་ཧྲིལ་བོ།
འཛིན་གྲྭའི་སྤྱི་ཡོངས་ཀྱི་རིག་གནས་ཤིག
སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
1 ​ངོ་སྤྲོད། 

འཛིན་གྲྭའི་རིག་གནས་ཞེས་པ་འཛིན་གྲྭའི་སྤྱི་ཡོངས་ཀྱི་ཡོན་ཚད་ཀྱི་བསྡུས་མིང་ཡིན་ལ། སྤྱི་ཚོགས་ཀྱི་ཚོགས་པར་གྱུར་པའི་འཛིན་གྲྭའི་ཁོངས་མི་ཡོངས་སམ་ཆ་ཤས་སུ་གྲུབ་པའི་ཐུན་མོང་གི་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ། རྣམ་འགྱུར་བཅས་ཀྱིས་གྲུབ་ཡོད། འཛིན་གྲྭའི་ཁོངས་མིས་གཏམ་བརྗོད་ཀྱི་བྱ་བྱེད་དང་། འཛིན་གྲྭའི་ནང་ཁུལ་གྱི་འབྲེལ་བ། འཛིན་གྲྭའི་སྒྲིག་སྲོལ་སོགས་ལས་མཚོན་པ་མ་ཟད། ད་དུང་འཛིན་གྲྭའི་ལྡེབས་ངོས་སུ་བཀོད་པའི་ཚགས་པར་དང་། ནག་པང་སྟེང་བཀོད་པའི་ཚགས་པར། བྱ་འགུལ་བཅས་སློབ་ཁང་ཕྱི་ནང་གི་ཇུས་འགོད་སོགས་ལས་ཀྱང་མཚོན་གྱི་ཡོད། སྤྱི་ཚོགས་ཀྱི་བླང་བྱ་གཞིར་བཟུང་ནས་འཛིན་གྲྭའི་སྒྲིག་སྲོལ་དང་སྒྲིག་སྲོལ་མ་ཡིན་པའི་རིག་གནས་གཉིས་ཀྱིས་གྲུབ་ཡོད་དོ། །

2 ལོ་རྒྱུས། 

ཨ་རིའི་སློབ་གསོ་སྤྱི་ཚོགས་རིག་པ་བ་ཝོ་ལེ་ཡིས《སློབ་ཁྲིད་རྣམ་བཤད》(1932)ནང་དུ་སློབ་གྲྭའི་རིག་གནས་སྐོར་གྱི་རྣམ་བཤད་སྤེལ་ནས་འཛིན་གྲྭའི་རིག་གནས་ཞིབ་འཇུག་གི་སྔོན་སྐྱོད་སྲོལ་བཟང་ཞིག་སྐྲུན་ཡོད། དུས་རབས20པའི་ལོ་རབས50པ་དང60པར་ཨ་རིའི་ཁོར་མན་དང་ཁེ་ལ་ཁེ། དབྱིན་ཇིའི་ཧ་ཀེ་ལི་ཕུའུ་སི་སོགས་ཀྱིས་གཞོན་ནུའི་རིག་གནས་དང་སློབ་མའི་རིག་གནས་རིགས་ལ་དཔྱད་བསྡུར་བྱས་པ་ལས་འཛིན་གྲྭའི་རིག་གནས་ཞིབ་འཇུག་མ་ལག་ཅན་དང་། ཚན་རིག་ཅན་གྱི་དུས་མཚམས་སུ་སླེབས་ཡོད། ལོ་རབས70པ་ནས་བཟུང་དབྱིན་ཇིའི་སློབ་གསོ་དང་སྤྱི་ཚོགས་རིག་པའི་ལས་རིགས་ཀྱིས་གཙོ་བོར་བྱས་པའི་སློབ་གྲྭའི་སློབ་གསོའི་ཤེས་བྱ་དང་འཛིན་གྲྭ་མཉམ་འགུལ་བྱེད་པའི་བརྒྱུད་རིམ་སྐོར་གྱི་དོན་དངོས་ཁུངས་སྐྱེལ་དབྱེ་ཞིབ་བྱས་ཚེ་གཞི་ནས་འཛིན་གྲྭའི་རིག་གནས་ཞིབ་འཇུག་དེ“ནང་འཇུག་དང་ཕྱིར་གཏོང་བྱེད་པའི”ཞིབ་འཇུག་ནས་འཐུས་ཚང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བྱས་ཡོད། 

འཛིན་གྲྭའི་རིག་གནས་ནི་འཛིན་གྲྭའི་བླ་སྲོག་ལྟ་བུ་ཡིན་ལ། འཛིན་གྲྭ་རེ་རེར་དམིགས་བསལ་དུ་ཡོད་པ་ཞིག་ཀྱང་ཡིན། དེར་རང་གིས་རང་ལ་སྙོམས་སྒྲིག་དང་རང་གིས་རང་ལ་ཚོད་འཛིན་བྱེད་པའི་ནུས་པ་ལྡན། འཛིན་གྲྭའི་རིག་གནས་འཛིན་གྲྭ་དང་འབྲེལ་བ་ཡོད་པའི་མི་ཚོགས་སྣ་ཚོགས་དང་འབྲེལ་བ་ཡོད་ཅིང་། དེའི་ནང་ང་ཚོས་དེ་སྔ་དོ་ཁུར་ཆེན་པོ་བྱེད་པའི་སློབ་མ་དང་སློབ་མའི་དབར་གྱི་འབྲེལ་བ་དང་དགེ་སློབ་དབར་གྱི་འབྲེལ་བ་ཚུད་ཡོད་ལ། ང་ཚོས་སྣང་ཆུང་བྱེད་སླ་བའི་དགེ་རྒན་དབར་དང་དེ་བཞིན་དགེ་རྒན་དང་ཁྱིམ་བདག་དབར་གྱི་འབྲེལ་བ་ཡང་ཚུད་ཡོད། དགེ་རྒན་དང་དགེ་རྒན་དབར་ནི་མཉམ་ཤུགས་ཀྱི་འབྲེལ་བ་ཡིན་པ་དང་དགེ་རྒན་དང་ཁྱིམ་བདག་དབར་ནི་ཕན་ཚུན་གསབ་རེས་ཀྱི་འབྲེལ་བ་ཡིན།     


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-24

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།