ནགས་ཞུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནགས་ཞུན།
ལོ་མང་སྐྱེ་བའི་སྡོང་པོ་རིང་བའི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཡལ་ག་དང་ཡལ་ཕྲན་གྱི་རྩེར་ལོ་མ་ལྗང་སེར་འཇམ་ཞིང་མཐུག་ལ་མདུན་ངོས་འོད་དང་ལྡན་པ། སྣེ་གཉིས་ཅུང་ཟད་རྒྱབ་ཏུ་འདྲིལ་བ་རེས་མོས་སུ་སྐྱེ་བ། རྒྱབ་ངོས་ཀྱི་ལོ་མའི་སྲོག་ཤིང་གི་ཁ་དོག་སེར་པོ། གཡས་གཡོན་གྱི་རྩ་རིས་ཕྲ་ཞིང་ཡལ་ག་མི་གསལ་བ། མེ་ཏོག་སེར་སྐྱའི་སྙེ་མ་འཆར་བ་དང༌། འབྲས་བུ་ཟླུམ་རིལ་སྨིན་ནས་ནག་པོར་འགྱུར་བ་ཞིག་དང༌། ཡང་ལོ་མའི་ཁ་དོག་ལྗང་ཁུ་ཅུང་ཟད་མཉེན་ལ་སྲབ་པ་འོད་མེད་པ། ལོ་མའི་རྩ་རིས་གསལ་བ། དབྱིབས་དང་ཆེ་ཆུང་སྤང་ཞུན་དང་མཚུངས་ལ་མཐའ་སོ་ཅུང་ཟད་གསལ་བ། རྒྱབ་ངོས་ཀྱི་ལོ་མའི་སྲོག་ཤིང་ཁ་དོག་སྐྱ་བོ་ཅན་བཅས་གཉིས་ཏེ། སྤོ་ཡུལ་དང༌། མེ་ཏོག རྫ་ཡུལ་སོགས་དང༌། དེ་བཞིན་ཡུན་ནན་ཞིང་ཆེན་སོགས་དྲོད་ཚད་ཆེ་བའི་ས་ཁུལ་གྱི་ནགས་གསེབ་ཏུ་སྐྱེ་བ་མང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
锥序山矾
ཁོངས་གཏོགས།
ཤིང་སྨན་གྱི་རིགས།
1 ངོ་སྤྲོད།

ལོ་མང་སྐྱེ་བའི་སྡོང་པོ་རིང་བའི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཡལ་ག་དང་ཡལ་ཕྲན་གྱི་རྩེར་ལོ་མ་ལྗང་སེར་འཇམ་ཞིང་མཐུག་ལ་མདུན་ངོས་འོད་དང་ལྡན་པ། སྣེ་གཉིས་ཅུང་ཟད་རྒྱབ་ཏུ་འདྲིལ་བ་རེས་མོས་སུ་སྐྱེ་བ། རྒྱབ་ངོས་ཀྱི་ལོ་མའི་སྲོག་ཤིང་གི་ཁ་དོག་སེར་པོ། གཡས་གཡོན་གྱི་རྩ་རིས་ཕྲ་ཞིང་ཡལ་ག་མི་གསལ་བ། མེ་ཏོག་སེར་སྐྱའི་སྙེ་མ་འཆར་བ་དང༌། འབྲས་བུ་ཟླུམ་རིལ་སྨིན་ནས་ནག་པོར་འགྱུར་བ་ཞིག་དང༌། ཡང་ལོ་མའི་ཁ་དོག་ལྗང་ཁུ་ཅུང་ཟད་མཉེན་ལ་སྲབ་པ་འོད་མེད་པ། ལོ་མའི་རྩ་རིས་གསལ་བ། དབྱིབས་དང་ཆེ་ཆུང་སྤང་ཞུན་དང་མཚུངས་ལ་མཐའ་སོ་ཅུང་ཟད་གསལ་བ། རྒྱབ་ངོས་ཀྱི་ལོ་མའི་སྲོག་ཤིང་ཁ་དོག་སྐྱ་བོ་ཅན་བཅས་གཉིས་ཏེ། སྤོ་ཡུལ་དང༌། མེ་ཏོག རྫ་ཡུལ་སོགས་དང༌། དེ་བཞིན་ཡུན་ནན་ཞིང་ཆེན་སོགས་དྲོད་ཚད་ཆེ་བའི་ས་ཁུལ་གྱི་ནགས་གསེབ་ཏུ་སྐྱེ་བ་མང་བ་དང༌། ལོ་མ་བོད་ཟླ་དྲུག་པ་ཙམ་སྟེ། འདབ་རྒྱས་ཆར་གྱི་དུས་སུ་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་གློ་ཚད་དང༌། མཁལ་ཚད། ཁ་ནད། མཁལ་འགྲམས་སོགས་ལ་ཕན་པ་ཡིན།

2 སྐྱེ་གནས།

བོད་ལྗོངས་ཀྱི་མེ་ཏོག་དང་། རྫ་ཡུལ། ཡུན་ནན་གྱི་བདེ་ཆེན་སོགས་དྲོད་ཚད་ཆེ་བའི་ས་ཁུལ་གྱི་མཚོ་ངོས་ལས་སྨི2000-3000བར་གྱི་རི་དང་ནགས་ཚལ་དུ་སྐྱེ།

3 སྦྱར་བྱ།

ལོ་མ་བོད་ཟླ་དྲུག་པའི་དུས་སུ་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་མ་རུལ་བར་བསྐམས་ནས་སྨན་དུ་སྤྱོད།

4 ངོ་བོ།

རོ་བསྐ་ངོ་བོ་བསིལ།

5 ཕན་ནུས།

ནུས་པ་བསིལ་བས་གློ་ཚད་དང༌། མཁལ་ཚད། ཁ་ནད། མཁལ་འགྲམས་སོགས་ལ་ཕན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-24

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།