བཅོས་བསྒྱུར་སྒོ་འབྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཅོས་བསྒྱུར་སྒོ་འབྱེད།
བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་ལུགས་ནི་སྤྱི་ལོ1978ལོར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཏེང་ཞའོ་ཕིང་གིས་བཏོན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གཞུང་ལུགས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས་དེང་རབས་ཅན་འཛུགས་སྐྲུན་དང་། ཞིང་གྲོང་དུ་ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་ཏུ་བསྟར་བ། གྲོང་ཁྱེར་ནས་སྤྱི་ཐབ་ཟས་ཀྱི་དཔལ་འབྱོར་ལམ་ལུགས་ཡོད་ཚད་མེད་པར་བཟོ་བ། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ཀྱི་སྒྲིག་སྲོལ་འཛུགས་པ་སོགས་དང་། དེ་དང་མཉམ་དུ་ཆབ་སྲིད་ལམ་ལུགས་ལའང་བཅོས་བསྒྱུར་བྱས་ཏེ་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
改革开放
ཕྱི་ཡིག་གི་མིང་།
Economic Reform and open up
སྤྱིའི་བཀོད་མཁན་མཁན།
ཏེང་ཞའོ་ཕིང་།
དུས་སྐབས།
སྤྱི་ལོ1978ལོ།
གོ་གནས།
ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག
དོན་སྙིང་།
ཀྲུང་གོའི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།
གྲུབ་འབྲས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་བཙུགས།
1 ​ནང་དོན་མདོར་བསྟན། 

བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་ལུགས་ནི་སྤྱི་ལོ1978ལོར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཏེང་ཞའོ་ཕིང་གིས་བཏོན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གཞུང་ལུགས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བཟུང་ནས་དེང་རབས་ཅན་འཛུགས་སྐྲུན་དང་། ཞིང་གྲོང་དུ་ཁྱིམ་དུད་ཀྱི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་ཏུ་བསྟར་བ། གྲོང་ཁྱེར་ནས་སྤྱི་ཐབ་ཟས་ཀྱི་དཔལ་འབྱོར་ལམ་ལུགས་ཡོད་ཚད་མེད་པར་བཟོ་བ། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་རྨང་གཞིའི་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ཀྱི་སྒྲིག་སྲོལ་འཛུགས་པ་སོགས་དང་། དེ་དང་མཉམ་དུ་ཆབ་སྲིད་ལམ་ལུགས་ལའང་བཅོས་བསྒྱུར་བྱས་ཏེ་སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་ཡིན། 

2 གྲུབ་འབྲས། 

ལོ་ངོ30ལྷག་གི་བཅོས་བསྒྱུར་སྒོ་འབྱེད་བྱས་པ་བརྒྱུད་ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཁོངས་སུ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཤིན་ཏུ་རྒྱས་ཤིང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-24

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།