བུལ་ཏོག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བུལ་ཏོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྨན་རྫས་ཤིག)

བུལ་ཏོག
བུལ་ཏོག་ལ་མཆོག་དམན་གཉིས་ཡོད་པ་ལས་མཆོག་ནི་བྱང་གི་མཚོ་འགྲམ་སོགས་ནས་བྱུང་བའི་དབྱིབས་ས་ཅུ་གང་འདྲ་ལ་རོ་ལན་ཚ་དང་ཅུང་ཟད་ཁ། བྱང་བུལ་གསེར་མཚོ་མ་ཞེས་པ་དེ་དང་། དམན་པ་ནི་མདོག་སྔོ་སྐྱ་དབྱིབས་ཡ་བཀྵ་ར་འདྲ་བ་མིང་ཐལ་བུལ་ངོ་བོ་ཚྭ་ཅན་གྱི་རིགས་དེའོ༎
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བུལ་ཏོག
རྒྱ་ཡིག་གི་མིང་།
碱花
ཕྱི་ཡིག་གི་མིང་།
Trama
སྡེ།
རྡོ་སྨན་གྱི་སྡེ།
1 མིང་གཞན། 

ཛི་བུ་ཀ་དང་བོད་ཚ། བྱངཐོག མེ་བུལ་སོགས་ཟེར། 

2 སྐྱེ་དབྱིབས། 

ཤེལ་ཕྲེང་ལས། ལྷོ་བྱང་སོགས་མ་ངེས་གང་ནས་བྱུང་རུང་། དཀར་པོ་ཅུ་གང་འདྲ་ལ་ལྕི་ཞིང་མངར་བ། ལན་ཚ་བ་དེ་སྨན་བུལ་བཟང་། རོ་ཚ་ལ་སྐྱུར་བ་ཚྭ་བུལ་ཡིན་པས་ངན། གང་ཡང་ཡུལ་སའི་དབང་གིས་ཁ་དོག་བྱུང་ན་གྲུངས་པ་ཡིན་པས་བཞུ་གྲུངས་བྱེད་དགོས། བུལ་ཏོག་ལ་མཆོག་དམན་གཉིས་ཡོད་པ་ལས་མཆོག་ནི་བྱང་གི་མཚོ་འགྲམ་སོགས་ནས་བྱུང་བའི་དབྱིབས་ས་ཅུ་གང་འདྲ་ལ་རོ་ལན་ཚ་དང་ཅུང་ཟད་ཁ། བྱང་བུལ་གསེར་མཚོ་མ་ཞེས་པ་དེ་དང་། དམན་པ་ནི་མདོག་སྔོ་སྐྱ་དབྱིབས་ཡ་བཀྵ་ར་འདྲ་བ་མིང་ཐལ་བུལ་ངོ་བོ་ཚྭ་ཅན་གྱི་རིགས་དེའོ༎

3 འཐུ་དུས་དང་ལས་སྣོན། 

ལྕགས་སླང་ནང་བླུགས་ཏེ་བརྔོས་ནས་ཝུ་བ་སོགས་མེད་པ་དང་། བ་ཆུ་བཅད་པའི་སྐམ་པོ་དེ་སྤྱོད་དགོས།

4 རོ་དང་ཞུ་རྗེས་ནུས་པ།  

རོ་ཚ་ལ་མངར་ཞིང་ལན་ཚ་བ།  ཞུ་རྗེས་ཁ་བ།  ནུས་པ་ཅུང་དྲོད་ཅིང་ལྕི་ལ་རྣོ་བའོ༎

5 རྐྱང་བའི་ཕན་ཡོན། 

ལྗོན་ཤིང་ལས། བུལ་ཏོག་འཇུ་བར་བྱེད་པ་ཡིན༎ བད་ཀན་ཕོ་བར་འཛིངས་པ་སེལ༎ སྲིན་དང་དུག་ཐབས་མཐའ་དག་འཇོམས༎  ཞེས་དང་། རང་བྱུང་བས། བུལ་ཏོག་ནད་རྣམས་ཐུར་དུ་འཁྲུ༎ ཞེས་སོགས་གསུངས་པ་ལྟར་ཁ་ཟས་མི་འཇུ་བ་དང་།  ཁོག་པ་སྦོས་བརྒྱངས་བྱེད་པ། ཁྲག་སྐྲན་སོགས་འདྲིལ་བ། ཕོ་ལོང་རྒྱུ་མའི་སྲིན་ནད་དང་། སྨུག་པོ་དུག་ཐབས་སོགས་ལ་ཕན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-23

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།