ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་ལམ་ལུགས།
ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ནི་བྲན་གཡོག་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་ཞིང་། དོན་དངོས་ཐོག་བཟོ་ཚོང་དང་བྲན་གཡོག་བདག་པོས་འགོ་ཁྲིད་བྱེད་པའི་བྲན་གཡོག་བདག་པོའི་གྲལ་རིམ་གྱིས་བྲན་གཡོག་དང་སྤྱི་དམངས་མིན་པའི་མང་ཚོགས་ལ་སྲིད་དབང་སྒེར་འཛིན་བྱེད་པའི་ལག་ཆ་ཞིག་ཡིན་ཞིང་། མཐར་གཏུགས་ནས་བཤད་ན། དེ་ནི་བྲན་གཡོག་བདག་པོའི་གྲལ་རིམ་ཧྲིལ་པོའི་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་ཞབས་འདེགས་ཞུ་བ་དང་། བྲན་གཡོག་བདག་པོའི་རང་དབང་མི་སེར་གྲལ་རིམ་གྱི་དམངས་གཙོ་ཡིན། ཚད་ཡོད་ཀྱི་གྲལ་རིམ་དམངས་གཙོ་དེས་དམངས་གཙོ་དེ་རིགས་ལ་བཀག་རྒྱའི་རང་བཞིན་དང་གུ་དོག་པོའི་རང་བཞིན་ཧ་ཅང་ཆེན་པོ་ཡོད་པ་ཐག་གཅོད་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
雅典民主政治制度
ཁོངས་གཏོགས།
ཆབ་སྲིད་ལམ་ལུགས།
དུས་སྐབས།
སྤྱི་ལོ་སྔོན་གྱི་དུས་རབས6པ།
འཛུགས་པའི་ཆ་རྐྱེན།
བྲན་གཡོག་ལམ་ལུགས་ཀྱི་རྨང་གཞིའི་སྟེང་བྱུང་བ།
སྐྱོན་ཆ།
བཀག་རྒྱའི་རང་བཞིན་དང་གུ་དོག་པོའི་རང་བཞིན།
1 ངོ་སྤྲོད། 

ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ནི་བྲན་གཡོག་ལམ་ལུགས་ཀྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་ཡིན་ཞིང་། དོན་དངོས་ཐོག་བཟོ་ཚོང་དང་བྲན་གཡོག་བདག་པོས་འགོ་ཁྲིད་བྱེད་པའི་བྲན་གཡོག་བདག་པོའི་གྲལ་རིམ་གྱིས་བྲན་གཡོག་དང་སྤྱི་དམངས་མིན་པའི་མང་ཚོགས་ལ་སྲིད་དབང་སྒེར་འཛིན་བྱེད་པའི་ལག་ཆ་ཞིག་ཡིན་ཞིང་། མཐར་གཏུགས་ནས་བཤད་ན། དེ་ནི་བྲན་གཡོག་བདག་པོའི་གྲལ་རིམ་ཧྲིལ་པོའི་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་ཞབས་འདེགས་ཞུ་བ་དང་། བྲན་གཡོག་བདག་པོའི་རང་དབང་མི་སེར་གྲལ་རིམ་གྱི་དམངས་གཙོ་ཡིན། ཚད་ཡོད་ཀྱི་གྲལ་རིམ་དམངས་གཙོ་དེས་དམངས་གཙོ་དེ་རིགས་ལ་བཀག་རྒྱའི་རང་བཞིན་དང་གུ་དོག་པོའི་རང་བཞིན་ཧ་ཅང་ཆེན་པོ་ཡོད་པ་ཐག་གཅོད་བྱས་པ་རེད།

2 ནང་དོན་མདོར་བསྟན། 

ཨ་ཐེན་སིའི་དམངས་གྲོང་རྒྱལ་ཁབ་ཏུ་གདུང་རྒྱུད་རྙིང་བའི་སྐུ་དྲག་གིས་སྒེར་གཅོད་དབང་སྒྱུར་ལག་བསྟར་བྱས་པས། གསར་དར་བཟོ་ཚོང་ལས་རིགས་པའི་སྐོར་ཧ་ཅང་ཡི་མ་རང་ཞིང་མི་སེར་དཀྱུས་མར་སྡུག་བསྔལ་བཟོས་པ་དེ་བས་ཀྱང་ཚབས་ཆེན་ཡིན་པས། མི་མང་པོ་ཞིག་བུན་ཚབ་བྲག་གཡོན་ཏུ་གྱུར་ཏེ། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར། སྤྱི་ལོའི་སྔོན་གྱི་དུས་རབས6པའི་དུས་མགོར། སྲིད་སྐྱོང་དཔོན་པོ་སུའོ་ལུན་བྱ་བས་བཅོས་སྒྱུར་བྱས་པ་སྟེ། ཁོས་རྒྱུ་ནོར་གྱི་མང་ཉུང་ལ་བལྟས་ནས་སྤྱི་དམངས་རིམ་པ་བཞིར་ཕྱེས་ཏེ། རྒྱུ་ནོར་ཅི་འདྲ་མང་ན་རིམ་པ་དེ་འདྲ་མཐོ་ལ་དབང་ཆ་ཡང་དེ་ལྟར་ཆེ་བ་དང་། སྤྱི་དམངས་ཚོགས་ཆེན་ནི་ཆེས་མཐོའི་སྲིད་འཛིན་ལས་ཁུངས་སུ་གྱུར་ཅིང་། རིམ་པ་སོ་སོའི་སྤྱི་དམངས་ཚང་མ་དེར་ཞུགས་ཆོག་པ། མི་གྲངས་བཞི་བརྒྱའི་གྲོས་དོན་ཚོགས་པ་བཙུགས་ཤིང་། རིམ་པ་སྔོན་མ་གསུམ་གྱི་སྤྱི་དམངས་ཚང་མ་དེའི་ནང་དུ་གདམ་ཆོག་པ། སྤྱི་དམངས་འདྲི་གཅོད་ལས་རོགས་ཀྱི་ཁྲིམས་ཁང་བཙུགས་པ། བུན་ཚབ་བྲག་གཡོག་ལམ་ལུགས་དོར་བ་སོགས་བྱས། བཅོས་སྒྱུར་དེས་གདུང་རྒྱུད་རྙིང་བའི་སྐུ་དྲག་གི་རྒྱུད་འཛིན་ཁྱད་དབང་ལ་གཡོ་འགུལ་བཏང་བ་དང་སྤྱི་དམངས་ཀྱི་དམངས་གཙོའི་དབང་ཆར་འགན་སྲུང་བྱས་ཏེ། ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་ལ་རྨང་གཞི་བཏིངས།

སྤྱི་ལོའི་སྔོན་གྱི་དུས་རབས6པའི་དུས་མཇུག་ཏུ་སྲིད་སྐྱོང་དཔོན་པོ་ཁོ་ལི་སི་ཐི་ཉི་བྱ་བས་མུ་མཐུད་དུ་བཅོས་སྒྱུར་བྱས་ཏེ། ཁོས་ས་ཁུལ་ཚོ་ཤོག་བཅུ་བཙུགས་ཤིང་ཚོ་ཤོག་རེ་སྡེ་ཚན་དུ་བགོས་ནས་འདེམ་བསྐོ་བྱས་པ་དང་། མི་ལྔ་བརྒྱའི་གྲོས་དོན་ཚོགས་པ་བཙུགས་ནས་ཚོ་ཤོག་སོ་སོས་སྲིད་སྐྱོང་རེས་བྱེད་པ། ཚོ་ཤོག་རེས་དམག་དཔོན་རེ་བདམས་ནས་དམག་དཔོན་བཅུའི་ཨུ་ཡོན་ལྷན་ཁང་གྲུབ་པ། མུ་མཐུད་དུ་སྤྱི་དམངས་ཚོགས་ཆེན་གྱི་དབང་ཆ་ཇེ་ཆེར་བཏང་། བཅོས་སྒྱུར་ཐེངས་དེས་གདུང་རྒྱུད་རྙིང་བའི་སྐུ་དྲག་གི་ཆབ་སྲིད་ཁྱད་དབང་ཧ་ལམ་མེད་པར་བཟོས་ཤིང་། སྤྱི་དམངས་ཀྱི་སྲིད་ཞུགས་དབང་ཆ་སྔར་མེད་རྒྱ་བསྐྱེད་དེ་ཨ་ཐེན་སིའི་དམངས་གཙོའི་ཆབ་སྲིད་དངོས་སུ་ཚུགས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-23

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།