རྩོམ་ཡིག་ཁྲིད་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྩོམ་ཡིག་ནི་སློབ་ཕྲུག་གི་ཤེས་བྱའི་ཆུ་ཚད་དང་བསམ་གཞིགས་བྱེད་ནུས་ཡི་གེའི་ཐོག་ནས་མཚོན་པ་ཞིག་ཡིན། སློབ་ཆུང་དུས་རིམ་གྱི་རྩོམ་ཡིག་ནི་རང་གིས་མཐོང་བ་དང་ཐོས་པ། བསམས་པ། རང་ཉིད་ཀྱི་མྱོང་བ་འོས་འཚམ་སྐད་དང་ཡི་གེའི་ཐོག་ནས་མཚོན་པར་བྱ་རྒྱུའི་བརྩམ་བྱ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

སྡེ།
སློབ་གསོ།
རིགས།
སློབ་གྲྭའི་སློབ་གསོ།
ཁྱབ་ཁོངས།
སློབ་མ།
1 ངོ་སྤྲོད། 

རྩོམ་ཡིག་ནི་སློབ་ཕྲུག་གི་ཤེས་བྱའི་ཆུ་ཚད་དང་བསམ་གཞིགས་བྱེད་ནུས་ཡི་གེའི་ཐོག་ནས་མཚོན་པ་ཞིག་ཡིན། སློབ་ཆུང་དུས་རིམ་གྱི་རྩོམ་ཡིག་ནི་རང་གིས་མཐོང་བ་དང་ཐོས་པ། བསམས་པ། རང་ཉིད་ཀྱི་མྱོང་བ་འོས་འཚམ་སྐད་དང་ཡི་གེའི་ཐོག་ནས་མཚོན་པར་བྱ་རྒྱུའི་བརྩམ་བྱ་ཞིག་ཡིན།

2 འཁྲིད་ཐབས། 

གཅིག སློབ་ཕྲུག་གིས་རྩོམ་ཡིག་ལ་དགའ་སྣང་སྐྱེད་སྲིང་བྱེད་དགོས། གང་འདྲ་བྱས་ནས་སློབ་ཕྲུག་གིས་རྩོམ་ཡིག་ལ་དགའ་སྣང་དང་དགའ་ཞེན་ཆགས་པ་དང་མཐར་སྒུལ་ཤུགས་ཞིག་ཆགས་པ་བྱེད་དགོས་སམ་ཞེ་ན། གཤམ་གསལ་ཕྱོགས་ཁག་ལ་རགས་ལས་འདུག གཅིག་དོན་དངོས་ནས་འགོ་བཙུགས་ཏེ་འཛིན་གྲྭའི་ལས་དོན་གྱི་འཆར་གཞི་གཏན་འཁེལ་ཏན་ཏིག་བྱེད་པ། འཛིན་གྲྭའི་ལས་དོན་གྱི་འཆར་གཞིའི་བྱེད་སྒོ་བརྒྱུད་སློབ་ཕྲུག་ལ་རྨང་གཞིའི་ཤེས་བྱ་སྦྱོང་བརྡར་བྱ་རྒྱུ་ནི་ཕན་ནུས་ལྡན་པའི་ཐབས་ལམ་ཞིག་ཡིན། ཁྲིད་མྱོང་བའི་སློབ་ཐོན་འཛིན་གྲྭ་དང་ཟུང་འབྲེལ་བྱས་ན་སློབ་ཕྲུག་གིས་ཤེས་བྱ་མི་ཉུང་བ་ཁོང་དུ་ཆུད་ཡོད་པས་ཁོང་ཚོར་ཕྱོགས་བསྡུས་ཞིབ་དཔྱད་བྱེད་པ། གཉིས་རྩོམ་ཡིག་འདེམས་བཀོད་སྒྲིག་བཟོ་བྱེད་པ། ཁོ་བོས་འཛིན་གྲྭའི་ནང་གི་ཕུལ་བྱུང་རྩོམ་ཡིག་ཁག་འདེམས་སྒྲིག་བྱས་ཏེ་གོ་བསྐོན་བློ་འགུགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པར་བརྟེན་རྩོམ་ཡིག་ལ་སྣང་ཆུང་བྱེད་མཁན་གྱིས་རང་སྐྱོན་རང་རྟོགས་ཐུབ་པ་དང་རང་གི་རྩོམ་རྩལ་ལ་ཡིད་ཆེས་སུ་བཅུག་པས་སློབ་ཕྲུག་གིས་རྩོམ་ཡིག་འབྲི་རྒྱུའི་དགའ་སེམས་ཆེ་རུ་གཏོང་ཐུབ་ཡོད། བྱེད་སྟངས་དེ་ནི་སློབ་ཕྲུག་ལ་སྐུལ་ལྕག་ཤུགས་ཆེན་བཏང་བ་ཞིག་ཡིན་ལ་སློབ་ཕྲུག་ཁག་གཅིག་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་པ་ཞིག་ཀྱང་ཡིན།

གཉིས།  དོན་དངོས་དང་མཐུན་པའི་རྩོམ་འབྲི་རྒྱུར་མཐོང་ཆེན་བྱེད་དགོས། རྩོམ་འབྲིའི་ཐོག་མའི་དཔྱད་གཞི་ཡང་དོན་དངོས་འཚོ་བའི་ཐོག་ནས་བྱུང་བ་ཞིག་ཡིན་པས་སློབ་ཕྲུག་གི་ཤེས་བྱ་ཁོང་དུ་ཆུད་ཚད་དང་དེ་བཞིན་བྱེད་སྒོའི་ཁྱབ་ཁོངས་ལ་ཚོད་འཛིན་ངེས་ཅན་ཕོག་པར་བརྟེན་རྩོམ་ཡིག་མང་ཆེ་བ་འབྲི་སྐབས་བརྒྱུད་རིམ་ཞིབ་ཕྲ་འབྲི་དགོས་པའི་རེ་བ་བཏོན་ཡོད་པར་བརྟེན་དགེ་རྒན་གྱིས་གོ་སྐབས་དེ་དང་བསྟུན་ནས་སློབ་ཕྲུག་ཚོར་རྩོམ་ཡིག་འབྲི་རྒྱུའི་སྦྱོང་བརྡར་བྱེད་དགོས།

གསུམ། རྩོམ་ཡིག་ལ་མཆན་འགོད་དང་སྐར་མ་རྒྱག་རྒྱུར་མཐོང་ཆེན་བྱེད་དགོས། སློབ་ཕྲུག་གིས་སྐར་གྲངས་ལ་ཚོར་བ་སྐྱེན་པོ་ཡོད་ལ་དགེ་རྒན་གྱིས་བྲིས་པའི་ཡིག་མཆན་དེ་ཡང་ཕན་ཚུན་ཤོད་རེས་བྱེད་ཀྱི་ཡོད་པས་དེའི་ཐོག་ནས་ཁོང་ཚོས་རང་ལ་ཐོབ་པའི་གྲུབ་འབྲས་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་མངོན་ཐུབ། ཡིག་མཆན་ནན་ཏན་ངང་འགོད་རྒྱུ་དེས་སྐར་གྲངས་མཐོ་པོ་རྒྱག་རྒྱུའི་འགོག་རྐྱེན་བཟོ་མི་སྲིད་པར་སློབ་ཕྲུག་ཚོའི་རྩོམ་ཡིག་གི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ནུས་པ་ངེས་ཅན་ཞིག་ཐོན་ཐུབ།

བཞི། གསར་གཏོད་ཀྱི་སྙིང་སྟོབས་དང་རང་གཤིས་བཟང་པོ་གསོ་སྐྱོང་བྱེད་དགོས། སློབ་ཕྲུག་ཚོས་རྩོམ་ཡིག་འབྲི་སྐབས་གསར་གཏོད་ཀྱི་སྙིང་སྟོབས་དང་རང་གཤིས་བཟང་པོ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ཇ་འཐུང་སྐབས་དེའི་བྲོ་བ་ངེས་པར་དུ་མྱོང་དགོས་པ་དང་འདྲ་བ་དང་དུས་མཚུངས་དོན་དངོས་ཀྱི་རྨང་གཞིའི་ཐོག་ལུགས་དང་མཐུན་པའི་སྒོ་ནས་འཆར་སྒོ་སྐྱེ་རུ་འཇུག་རྒྱུར་སྐུལ་མ་གཏོང་བ་ལས་བཀག་འགོག་གཏན་ནས་བྱ་རྒྱུ་མེད་ལ་གསར་གཏོད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པ་དང་ཆབས་ཅིག་སློབ་ཕྲུག་ཚོ་རང་གཤིས་བཟང་པོ་ཡོང་བར་འབད་བརྩོན་བྱེད་དགོས། འཛམ་གླིང་ཐོག་རྦད་དེ་གཅིག་མཚུངས་ཀྱི་ལྕང་མའི་ལོ་མ་མེད་པ་ལྟར་སློབ་ཕྲུག་ཚོའི་བསམ་བློ་གཏོང་སྟངས་ཀྱང་དེ་འདྲ་ཡིན་སྟབས་རྩོམ་ཡིག་ལ་རང་གཤིས་མངོན་པར་གསལ་བ་ཞིག་འབྲི་རྒྱུར་སྐུལ་ལྕག་ཤུགས་ཆེན་གཏོང་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-23

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།