རི་བོང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

རི་བོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྨན་སྦྱོར།)

རི་བོང་།
རི་བོང་ནི་རི་དྭགས་ཀྱི་ནང་ནས་ཆུང་ཤོས་ཡིན་ཞིང་རི་ལ་གནས་པའི་བོང་བུ་ཞེས་བྱ་སྟེ། གཟུགས་ཆུང་ལ་རྣ་བ་གཉིས་ཆེ་བའི་དབྱིབས་བོང་བུའི་རྣ་བ་དང་འདྲ་ལ། སུག་བཞི་དང་མཇུག་མ་ཐུང་བ་དང་། ལྗིད་ཚད་ལ་ཕལ་ཆེར་རྒྱ་མ4-6བར་ཡོད། ཡིན་ནའང་ཡུལ་ཕྱོགས་སོ་སོའི་ས་ཁྱད་དབང་གིས་ཆེ་ཆུང་ལ་ཡང་ཁྱད་པར་ཆེ། ལུས་སྤྱིའི་སྤུ་འཇམ་ལ་མདོག་གྲོ་གྲོ་ཡིན་ཞིང་རྟིང་པའི་སྤུ་དང་པགས་པའི་མཚམས་ཀྱི་སྤུ་དེ་བས་འཇམ་ཞིང་ཁ་དོགདཀར་པོ་ཡིན། བྲང་གཞུང་དང་གསུས་པ་སྟེ་གྲོད་པ་ཨོལ་མའི་ལོགས་བཅས་ཀྱི་སྤུ་མདོག་ཀྱང་དཀར་པོ་ཡིན། འདི་ནི་རྒྱ་ནག་སོགས་ཡུལ་འགའ་ཞིག་ཏུ་མིས་གསོ་ཉར་བྱས་པའི་རི་བོང་དེ་མ་ཡིན། རི་ལ་བདག་མེད་དུ་གནས་ཤིང་རྩི་ཤིང་གི་རིགས་ཟ་མཁན་དེ་ཡིན། རྒྱུན་དུ་འཚོ་གནས་བྱེད་ཡུལ་རྩྭ་རིགས་བཟང་ས་དང་ཤིང་མ་ལྡུམ་གྱི་གསེབ་དང་། དེ་བཞིན་གྲམ་ཐང་དང་རི་ཐང་མཚམས་སུ་ཡིན་ཞིང་ཁེར་རྐྱང་དུ་གནས་པ་མང་། ཟས་སུ་རྩི་ཤིང་གི་ཡལ་ག་དང་ལོ་མ་སྲ་བ་སོགས་ཟ་ཞིང་ཞོགས་པ་དང་དགོང་མོ་རྒྱུ་ལ་ཉིན་མོ་ཉལ་བར་དགའ་བ་དང་། དཔྱིད་དུས་འཁྲིག་སྦྱོར་བྱེད་ཅིང་ལོ་གཅིག་ལ་ཕྲུ་གུ་ཐེངས་གཅིག་བཙའ་ལ། སྤྱིར་བཏང་བཙའ་ཐེངས་རེར་ཕྲུ་གུ་བཞི་ལྔ་ཙམ་བཙའ་ཡི་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རི་བོང་།
རྒྱ་ཡིག་གི་མིང་།
兔子
ཕྱི་ཡིག་གི་མིང་།
LepusOiostoluHodgson
སྡེ།
རི་བོང་གི་སྡེ།
སྒོ།
སྒལ་ཐག་སྲོག་ཆགས།
རིགས།
འོ་འཐུང་སྲོག་ཆགས་ཀྱི་རིགས།
1 ​མིང་གཞན།

ཡོས་ཏེ་བ་ཤ་ཤ་དང་། བློ་ལྡན། བདག་མེད་བོང་བུ་ཡང་ཟེར། 

2 སྐྱེ་དབྱིབས།  

རི་བོང་ནི་རི་དྭགས་ཀྱི་ནང་ནས་ཆུང་ཤོས་ཡིན་ཞིང་རི་ལ་གནས་པའི་བོང་བུ་ཞེས་བྱ་སྟེ། གཟུགས་ཆུང་ལ་རྣ་བ་གཉིས་ཆེ་བའི་དབྱིབས་བོང་བུའི་རྣ་བ་དང་འདྲ་ལ། སུག་བཞི་དང་མཇུག་མ་ཐུང་བ་དང་། ལྗིད་ཚད་ལ་ཕལ་ཆེར་རྒྱ་མ4-6བར་ཡོད། ཡིན་ནའང་ཡུལ་ཕྱོགས་སོ་སོའི་ས་ཁྱད་དབང་གིས་ཆེ་ཆུང་ལ་ཡང་ཁྱད་པར་ཆེ། ལུས་སྤྱིའི་སྤུ་འཇམ་ལ་མདོག་གྲོ་གྲོ་ཡིན་ཞིང་རྟིང་པའི་སྤུ་དང་པགས་པའི་མཚམས་ཀྱི་སྤུ་དེ་བས་འཇམ་ཞིང་ཁ་དོགདཀར་པོ་ཡིན། བྲང་གཞུང་དང་གསུས་པ་སྟེ་གྲོད་པ་ཨོལ་མའི་ལོགས་བཅས་ཀྱི་སྤུ་མདོག་ཀྱང་དཀར་པོ་ཡིན། འདི་ནི་རྒྱ་ནག་སོགས་ཡུལ་འགའ་ཞིག་ཏུ་མིས་གསོ་ཉར་བྱས་པའི་རི་བོང་དེ་མ་ཡིན།  རི་ལ་བདག་མེད་དུ་གནས་ཤིང་རྩི་ཤིང་གི་རིགས་ཟ་མཁན་དེ་ཡིན།  རྒྱུན་དུ་འཚོ་གནས་བྱེད་ཡུལ་རྩྭ་རིགས་བཟང་ས་དང་ཤིང་མ་ལྡུམ་གྱི་གསེབ་དང་། དེ་བཞིན་གྲམ་ཐང་དང་རི་ཐང་མཚམས་སུ་ཡིན་ཞིང་ཁེར་རྐྱང་དུ་གནས་པ་མང་། ཟས་སུ་རྩི་ཤིང་གི་ཡལ་ག་དང་ལོ་མ་སྲ་བ་སོགས་ཟ་ཞིང་ཞོགས་པ་དང་དགོང་མོ་རྒྱུ་ལ་ཉིན་མོ་ཉལ་བར་དགའ་བ་དང་། དཔྱིད་དུས་འཁྲིག་སྦྱོར་བྱེད་ཅིང་ལོ་གཅིག་ལ་ཕྲུ་གུ་ཐེངས་གཅིག་བཙའ་ལ། སྤྱིར་བཏང་བཙའ་ཐེངས་རེར་ཕྲུ་གུ་བཞི་ལྔ་ཙམ་བཙའ་ཡི་ཡོད། 

3 སྨན་རྒྱུ་ལས་སྣོན། 

སྨན་དུ་ཀླད་པ་དང་།  སྙིང་། ཤ བྲུན་བཅས་དགོས་ཤིང་། ཀླད་པ་མ་རུལ་བར་སྐམ་ནས་སྤྱོད་དགོས། སྙིང་དང་ཤ་གཉིས་མ་རུལ་བར་བསིལ་སྐམ་བྱས་ཏེ་བེད་སྤྱོད་བྱེད་སྐབས་ཤ་རིགས་གཞན་ལྟར་ཚག་ཤའི་ནང་དུ་བཏུམས་ནས་ལས་སྣོན་བྱེད་དགོས། བྲུན་ཁོག་ནང་དུ་སྤྱད་ན་ནུས་བསྲེགས་བཏང་ནས་སྤྱོད་དགོས་པ་དང་ལུམས་སོགས་ཕྱིར་སྤྱོད་ན་ལས་སྣོན་བྱེད་མི་དགོས། 

4 རོ་ནུས་ཞུ་རྗེས། 

ཤ་དང་སྙིང་ཀླད་པ་རོ་མངར་བ་དང་། ཞུ་རྗེས་མངར་བ། ཤ་དང་ཀླད་པ་གཉིས་ནུས་པ་བསིལ་ལ་རྩུབ་པ་དང་། གཞན་རྣམས་ནུས་སྙོམས་པའོ༎

5 རྐྱང་བའི་ཕན་ཡོན།  

(1)ཀླད་པས་རྒྱུ་མར་གཉན་ཚད་རྒྱས་ནས་གཟེར་ཟུག་གཏོང་བ་གཅོག་ཅིང་། ཁྲག་བཤལ་གཅོད་པར་བྱེད། (2)སྙིང་གིས་སྲོག་རྩར་རླུང་ཞུགས་པས་སྨྱོ་བ་དང་། སྙིང་གི་ནད་དང་རྒྱལ་གཟེར་སོགས་སེལ། (3)ཤའི་ཕན་ཡོན་སྙིང་དང་ཕྱོགས་མཚུངས་ཡིན། (4)བྲུན་གྱིས་དམུ་ཆུ་སྦྱོར་བ་དང་སྐྲངས་པ་ཞི་བར་བྱེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-22

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།