གཡག ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གཡག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སྨན་སྦྱོར། )

གཡག
གཡག་ནི་ཆེ་ཆུང་ཙམ་མ་གཏོགས་འབྲོང་དང་འདྲ་ཞིང་། ལྷག་པར་དུ་གཡག་རོག་ཞོལ་ཆེན་ཞེས་སྤུ་རྩིད་རིང་པོ་ཞོལ་ལེར་ཡོད་པའི་གཡག་ནག་པོ་འོད་ཅན་ནམ་ཁྱུ་བ་ནི་དེ་བས་ཀྱང་འབྲོང་དང་འདྲ་ཞིང་། དེ་ཡང་ཕོ་ལ་གཡག་དང་མོ་ལ་འབྲི་ཞེས་འབོད་ཅིང་ཁ་དོག་དཀར་པོ་དང་ནག་པོ། སྔོན་པོ། ཁམ་པ། ཁྲ་བོ་སོགས་ཡོད་ལ་དཀར་པོ་དཔའ་རིས་ཡུལ་ཁོ་ནར་ཡོད་པ་ལས་ས་ཆ་གཞན་པར་མེད་པའོ༎ རྭ་དང་སྣ་གྱེན་དུ་རྫིང་བ་རྔ་མ་ཡང་མདོག་དཀར་པོ་དང་ནག་པོ་ཁྲ་བོ་ཆུན་པོ་ལྟར་འཕྱང་ནས་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་རི་དང་ཐང་སོགས་སུ་ཡིན་ཞིང་འབྲོག་པས་འཚོ་སྐྱོང་བྱེད་པ་སྟེ། བོད་རིགས་ཀྱི་འཚོ་བའི་དགོས་མཁོར་གཙོ་གལ་ཆེ་བ་ཞིག་ཡིན། བོད་རིགས་མི་དམངས་ཀྱི་འཚོ་བར་མེད་དུ་མི་རུང་བའི་མར་ལས་ལ་མེད་ཐབས་མེད་པའི་ཕྱུགས་རིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཡག
རྒྱ་ཡིག་གི་མིང་།
牦牛
ལ་ཏིང་གི་མིང་།
Bos mutus
སྡེ།
སྒོ་ཕྱུགས་ཀྱི་སྡེ།
ཁོངས་གཏོགས།
སྒོ་ཕྱུགས་ཀྱི་ཁོངས་གཏོགས།
སྒོ།
སྒལ་ཐག་སྲོག་ཆགས།
1 མིང་གཞན། 

ཡུལ་འབྲོང་དང་། མོ་ལ་འབྲི་ཟེར། 

2 ​སྐྱེ་དབྱིབས། 

གཡག་ནི་ཆེ་ཆུང་ཙམ་མ་གཏོགས་འབྲོང་དང་འདྲ་ཞིང་། ལྷག་པར་དུ་གཡག་རོག་ཞོལ་ཆེན་ཞེས་སྤུ་རྩིད་རིང་པོ་ཞོལ་ལེར་ཡོད་པའི་གཡག་ནག་པོ་འོད་ཅན་ནམ་ཁྱུ་བ་ནི་དེ་བས་ཀྱང་འབྲོང་དང་འདྲ་ཞིང་། དེ་ཡང་ཕོ་ལ་གཡག་དང་མོ་ལ་འབྲི་ཞེས་འབོད་ཅིང་ཁ་དོག་དཀར་པོ་དང་ནག་པོ། སྔོན་པོ། ཁམ་པ། ཁྲ་བོ་སོགས་ཡོད་ལ་དཀར་པོ་དཔའ་རིས་ཡུལ་ཁོ་ནར་ཡོད་པ་ལས་ས་ཆ་གཞན་པར་མེད་པའོ༎ རྭ་དང་སྣ་གྱེན་དུ་རྫིང་བ་རྔ་མ་ཡང་མདོག་དཀར་པོ་དང་ནག་པོ་ཁྲ་བོ་ཆུན་པོ་ལྟར་འཕྱང་ནས་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་རི་དང་ཐང་སོགས་སུ་ཡིན་ཞིང་འབྲོག་པས་འཚོ་སྐྱོང་བྱེད་པ་སྟེ། བོད་རིགས་ཀྱི་འཚོ་བའི་དགོས་མཁོར་གཙོ་གལ་ཆེ་བ་ཞིག་ཡིན།  བོད་རིགས་མི་དམངས་ཀྱི་འཚོ་བར་མེད་དུ་མི་རུང་བའི་མར་ལས་ལ་མེད་ཐབས་མེད་པའི་ཕྱུགས་རིགས་ཤིག་ཡིན།  

3 སྨན་རྒྱུ་ལས་སྣོན།  

སྨན་ལ་རྭ་དང་། མཁྲིས་པ།  ཤ རུས་པ། སྙིང་། ཁྲག རྐང་མར། གི་ཝང་། ལྕེ་བཅས་དགོས་ཤིང་། རྭ་རྩི་ཧྲོག་བསྲེགས་ནས་སྤྱོད་རྒྱུ་དང་།  རྭ་ཚྭ་ཞེས་ཚྭ་སྦྱོར་སྐབས་སུ་དགོས་ཤིང་།  མཁྲིས་པ་ནི་མཁྲིས་རིགས་གཞན་ལྟར་བསིལ་སྐམ་བྱས་ཏེ་སྤྱོད་རྒྱུ།  ཤ་དང་རུས་པ་སྙིང་ཁྲག་ལྕེ་བཅས་སྐབས་ཕྲལ་སྤྱོད་པའམ་ཡང་ན་མ་རུལ་བར་བསིལ་སར་སྐམ་ནས་རྙིང་བ་མ་ཡིན་པར་སྤྱོད་དགོས། གཡག་ནི་གི་ཝང་གི་འབྱུང་ཁུངས་ཡིན་མོད་གི་ཝང་ཡོད་མེད་ངེས་པ་མེད་ཅིང་ཡོད་ན་བསིལ་སྐམ་བཏང་ནས་སྤྱོད་དགོས།   

4 རོ་ནུས་ཞུ་རྗེས།  

རྭ་རོ་བསྐ་ལ་ལན་ཚྭ་བ་དང་། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྣོ་བ། མཁྲིས་པ་རོ་ཁ་བ་དང་།  ནུས་པ་བསིལ་ལ་རྩུབ་པ།  ཤ་དང་རྙིང་ཁྲག་རུས་པ་ལྕེ་རྣམས་རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་སྙོམས་ཤིང་སྣུམ་པའོ༎

5 རྐྱང་བའི་ཕན་ཡོན།    

(1)རྭ་ཡིས་ལུས་ཁམས་དང་ཕོ་བའི་དྲོད་ཉམས་པ་གསོ་ཞིང་ཕོ་བར་སྐྲན་ཆགས་པ་བཤིག་པ་དང་། མཁྲིས་པའི་ཕན་ཡོན་མཁྲིས་རིགས་གཞན་དང་མཚུངས། (2)ཤ་ཡིས་ལུས་ཟུངས་གསོ་ཞིང་རླུང་ནད་འཇོམས་པར་བྱེད།  (3)རུས་ཁུས་ཀྱང་ལུས་ཁམས་ཀྱི་མེ་དྲོད་གསོ་ལ་རླུང་ནད་སེལ། (4)རྐང་མར་གྱིས་རྨ་གསོ་ཞིང་པགས་སྲིན་སེལ། (5)སྙིང་གིས་སྙིང་ནད་སེལ། (6)ལྕེ་ཡིས་ཕོ་བའི་མེ་དྲོད་གསོ་བ། (7)ཁྲག་གིས་འཁྲུ་བ་གཅོད་པར་བྱེད། 


བརྡ་འགྲེལ་གདོང་འཛར།

གཡག ཞོལ་རྩིད། ཕན་ཡོན། སྨན་སྦྱོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-22

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།