སན་ཞིན་ཏུའེ་རིག་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སན་ཞིན་ཏུའེ་རིག་གནས།
སན་ཞིན་ཏུའེ་རིག་གནས་ནི་ད་ལྟའི་བར་དུ་ལོ་ངོ4800ནས3100ལོ་བར་གྱི་(སྤྱི་ལོའི་སྔོན་གྱི2800ལོ་ནས་སྤྱི་ལོའི་སྔོན་གྱི1100ལོ་བར)གནའ་བོའི་ཧྲུའུ་རིག་གནས་གནའ་ཤུལ་ཞིག་ཡིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་12ཟིན་པ་དེ་ནི་ཀྲུང་གོའི་དུས་རབས20པའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། དུས་རབས20པའི་ལོ་རབས20པ་ནས་ད་བར་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་་རྣམས་ཀྱིས་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་ཆེད་དོན་ཞིབ་འཇུག་འབོར་ཆེན་བྱས་ནས་མཁར་གྱང་གི་རྗེས་ཤུལ་དང་རིག་དངོས་སྤུས་ལེགས་འབོར་ཆེན་ཤེས་རྟོགས་བྱུང་ཡོད། སན་ཞིན་ཏུའེ་རིག་གནས་དངོས་གསར་རྙེད་བྱུང་བ་དེས་ལོ་ངོ་སུམ་སྟོང་བཞིའི་སྔོན་གྱི་སི་ཁྲོན་རྒྱལ་ཁབ་གནས་པ་དང་འབྱུང་ཁུངས་ཀྱི་སྣེ་མང་རང་བཞིན་ར་སྤྲོད་ནུས་ལྡན་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三星堆文明
ཁོངས་གཏོགས།
གནའ་ཤུལ།
དུས་སྐབས།
སྤྱི་ལོ་སྔོན་གྱི4800-3100བར།
ས་གནས།
སི་ཁྲོན་ཞིང་ཆེན་ཀོང་ཧན་གྲོང་ཁྱེར།
རིན་ཐང་།
ལོ་ངོ་སུམ་སྟོང་་སྔོན་གྱི་ཧྲུའུ་རིག་གནས་ཡོད་པ་བདེན་དཔང་བྱས།
1 ངོ་སྤྲོད། 

སན་ཞིན་ཏུའེ་རིག་གནས་ནི་ད་ལྟའི་བར་དུ་ལོ་ངོ4800ནས3100ལོ་བར་གྱི་(སྤྱི་ལོའི་སྔོན་གྱི2800ལོ་ནས་སྤྱི་ལོའི་སྔོན་གྱི1100ལོ་བར)གནའ་བོའི་ཧྲུའུ་རིག་གནས་གནའ་ཤུལ་ཞིག་ཡིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ12ཟིན་པ་དེ་ནི་ཀྲུང་གོའི་དུས་རབས20པའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། 

དུས་རབས20པའི་ལོ་རབས20པ་ནས་ད་བར་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་མཁས་ཅན་་རྣམས་ཀྱིས་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་ཆེད་དོན་ཞིབ་འཇུག་འབོར་ཆེན་བྱས་ནས་མཁར་གྱང་གི་རྗེས་ཤུལ་དང་རིག་དངོས་སྤུས་ལེགས་འབོར་ཆེན་ཤེས་རྟོགས་བྱུང་ཡོད། སན་ཞིན་ཏུའེ་རིག་གནས་དངོས་གསར་རྙེད་བྱུང་བ་དེས་ལོ་ངོ་སུམ་སྟོང་བཞིའི་སྔོན་གྱི་སི་ཁྲོན་རྒྱལ་ཁབ་གནས་པ་དང་འབྱུང་ཁུངས་ཀྱི་སྣེ་མང་རང་བཞིན་ར་སྤྲོད་ནུས་ལྡན་བྱས་ཡོད། 

2 ལོ་རྒྱུས་མདོར་བསྟན། 

སན་ཞིན་ཏུའི་རིག་གནས་ནི་སོ་ཁྲོན་ཞིང་ཆེན་ས་ཁུལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་གནའ་བོའི་རིག་གནས་རྨད་དུ་བྱུང་བ་ཞིག་ཡིན་ལ། ད་ལྟའི་བར་དུ་ལོ་ངོ4800ནས2800ཙམ་གྱི་ལོ་རྒྱུས་ཡོད། དེ་ཡང་སྤྱི་ལོ1929ལོའི་དཔྱིད་ཀར་སི་ཁྲོན་ཀོང་ཧན་གྱི་ཞིང་པ་ཞིག་གིས་ཆུ་རྐ་རྐོ་བའི་སྐབས་སུ་ས་འོག་ནས་ཚོན་མདངས་རྣམ་པར་བཀྲ་བའི་གཡང་ཊི་ཞིག་རྙེད་པར་བརྟེན། རྗེས་སུ་མི་རྣམས་ཀྱིས་ས་དེ་ཀའི་གནའ་རྫས་རྩ་ཆེན400ལྷག་བརྐོས་པ་རེད། སྤྱི་ལོ1993ལོར་རྒྱ་ཁྱོན་སྟོང་སྨིད་གྲུ་བཞི་མ12ཙམ་ལ་ཁྱབ་ཡོད་པའི་གནས་ཤུལ་འཚོལ་ཞིབ་ཀྱི་མགོ་བཙུགས་ཤིང་། གནས་ཤུལ་དེའི་ཤར་ལྷོ་ནུབ་བཅས་ཕྱོགས་ཀྱི་མཁར་གྱང་ཅུང་ཆ་ཚང་བར་ཉར་ཐུབ་ཡོད་པར་མ་ཟད། རིག་གནས་སྒྱུ་རྩལ་གྱི་རིན་ཐང་ཆེ་ཞིང་མཛེས་རྩལ་ཕུན་སུམ་ཚོགས་པའི་གནའ་རྫས་མང་དུ་ཐོན་པ་དཔེར་ན། བཟོ་དབྱིབས་སྣ་ཚོགས་ཀྱི་ལི་ཆས་དང་། གཟི་མདངས་བཀྲ་བའི་ཟངས་ཆས། རི་མོ་སྣ་ཚོགས་ཀྱིས་སྤྲས་པའི་གཡང་ཊི་སོགས་སོ། གནའ་ཤུལ་དེ་དག་རྙེད་པ་ལས་གནའ་མིའི་ལོ་རྒྱུས་ལ་བརྟག་དཔྱད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་རྒྱལ་ཁབ་ཀྱི་གནས་སྟངས་ལོ་རྒྱུས་སོགས་ད་ལྟའི་མིའི་མིག་ལ་ཐོག་མར་མངོན་པར་བྱས་པས། གནའ་ཤུལ་དེ་དང་དེ་ལས་རྙེད་པའི་གནའ་རྫས་དག་ནི་གནའ་བོའི་སྤྱི་ཚོགས་དང་ཆེས་གནའ་དུས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱེད་པར་རིག་གཞུང་གི་རིན་ཐང་ཆེ་ཞིང་། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཞིབ་འཇུག་ལ་དངོས་ཡོད་རྒྱུ་ཆ་རིན་ཐང་གཞལ་དུ་མེད་པ་ཞིག་བཏོན་པ་རེད། སྤྱི་ལོ1988ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གནའ་རྫས་སྲུང་སྐྱོབ་ལས་ཁུངས་གཙོ་བོའི་གྲས་སུ་ཁྱབ་བསྒྲགས་བྱས་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-22

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།