མཚོ་སྐོར་ལྕགས་རྟ་འགྲན་བསྡུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་སྐོར་ལྕགས་རྟ་འགྲན་བསྡུར།
མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་བསྡུས་མིང་ལ་མཚོ་སྐོར་འགྲན་བསྡུར་ཟེར། སྤྱི་ལོ2002ལོར་དངོས་སུ་བཙུགས་ཤིང་། ལོ་རེར་སྤྱི་ཟླ6པ་ནས་ཟླ8པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ་སྐོར་བའི་ས་ཁུལ་དང་། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཅས་སུ་གཉེར་གྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
环青海湖国际公路自行车赛
མིང་ཧྲིལ་བོ།
མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར།
ཕྱི་ཡིག་གི་མིང་།
Tour of Qinghai Lake
ཆེས་མང་བ་རུ་ཁག
22
ཆེས་མང་བའི་འགྲན་ཞུགས་མི་གྲངས།
154
རིམ་པ།
འཛམ་གླིངClassicརིམ་པ་གཉིས་པ། HCརིམ་པ།
བཙུགས་དུས།
སྤྱི་ལོ2002ལོ།
འགྲན་ཡུལ།
མཚོ་སྔོན། ཀན་སུའུ། ཉིང་ཞ།།
འགྲན་བསྡུར་ལོ་འཁོར།
ལོ་རེར་ཐེངས་གཅིག
བྱ་དགའ།
ཨ་སྒོར་ཁྲི་བརྒྱ།
1 ​ངོ་སྤྲོད། 

མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་བསྡུས་མིང་ལ་མཚོ་སྐོར་འགྲན་བསྡུར་ཟེར་ཞིང་། སྤྱི་ལོ2002ལོར་དངོས་སུ་བཙུགས་ཤིང་། ལོ་རེར་སྤྱི་ཟླ6པ་ནས་ཟླ8པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོ་སྐོར་བའི་ས་ཁུལ་དང་། ཀན་སུའུ་ཞིང་ཆེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་བཅས་སུ་གཉེར་གྱི་ཡོད། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ནི་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱིས་ཆོག་མཆན་བརྒྱུད་དེ་འཛམ་གླིང་གིClassicཡི་རིམ2དང་། HCརིམ་པ་ཡིན། HCརིམ་པ་ཞེས་པ་ཨེ་ཤ་ཡའི་རྩེར་སོན་ལྕགས་རྟས་གཞུང་ལམ་དུ་ཉིན་མང་པོར་འགྲན་བསྡུར་བྱེད་པ་ཞིག་ཡིན་ལ། འཛམ་གླིང་གི་ས་བབ་ཆེས་མཐོ་བའི་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཞིག་ཀྱང་ཡིན། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ནི་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་དང་། འགྲན་ཞུགས་རུ་ཁག་མང་ཤོས། བྱ་དགའི་དངུལ་གྲངས་མང་ཤོས་བཅས་ཀྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཞིག་རེད། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་ས་བབ་མཐོ་བ་དང་། ལམ་ཐག་རིང་བ། གྱེན་འཛེག་མང་བ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པས་འགྲན་བསྡུར་ལ་ལྟད་མོ་ཆེ་ཞིང་རུ་ཁག་གི་ནུས་པ་ཆེ་བ་དང་། མཚོ་སྐོར་འགྲན་བསྡུར་གྱི་ལམ་ཐིག་ཇུས་འགོད་ཐད་གཡུ་ཡི་རླབས་ཕྲེང་མཐའ་དང་བྲལ་ཞིང་། འདབ་ཆགས་སྣ་ཚོགས་ཀྱིས་འཕུར་ལྡིང་གར་ལ་རོལ་བའི་མཚོ་སྔོན་པོ་ལྟེ་བ་བྱས་ཡོད། མཚོ་སྔོན་པོའི་ཤར་རྒྱུད་ཞིང་ལས་ས་ཁུལ་དང་། ནུབ་རྒྱུད་འབྲོག་ལས་དང་ཐང་རྒོད་ས་ཁུལ། ལྷོ་རྒྱུད་མཐོ་སྒང་གི་གྲང་ངར་ཆེ་བའི་སྤང་ལྗོངས་ས་ཁུལ། ཀན་སུའུ་རྨ་ནུབ་བར་ཁྱམས་དང་།  ཉིང་ཞ་རྨ་ཆུའི་གསེར་ངོགས་སོགས་སུ་ཕར་སྲིང་ཞིང་། རང་བྱུང་མཛེས་ལྗོངས་ཀྱི་བཀོད་པ་ངོ་མཚར་ཞིང་ལྟ་ན་སྡུག་པས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་ཞིག་ཡིན། 

2 འགྲན་བསྡུར་གྱི་ཁྱད་ཆོས། 

1.འཛམ་གླིང་གི་ས་བབ་ཆེས་མཐོ་ཞིང་གཞི་རྒྱ་ཆེ་བའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཞིག་ཡིན་པ་མ་ཟད། ཨེ་ཤ་ཡའི་རྩེར་སོན་ལྕགས་རྟ་འགྲན་བསྡུར་ཞིག་ཀྱང་ཡིན། 

2.ཀྲུང་གོའི་གཞི་རྒྱ་ཆེ་ལ་འགྲན་ཞུགས་རུ་ཁག་མང་བ། བྱ་དགའི་དངུལ་གྲངས་མང་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་ཞིག 

3.འཛམ་གླིང་གི་མཐོ་སྒང་ལུས་རྩལ་གྲགས་ཅན་ཨང་དང་པོ།

 4.ཀྲུང་གོའི་ཡུན་རིང་དུ་གསོ་སྐྱོང་གནང་བའི་གལ་ཆེ་བའི་ལུས་རྩལ་འགྲན་བསྡུར་གྱི་གྲས་ཤིག

5.ཀྲུང་གོའི་ཁྱད་དུ་འཕགས་པའི་ཁོར་ཡུག་ཁྱབ་སྤེལ་དང་། དེར་དོ་ཁུར་གནང་སའི་སྟེགས་བུ། 

3 འགྲན་བསྡུར་གྱི་བརྗོད་བྱ།

མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་བརྗོད་དོན་ནི་ལྗང་མདོག་དང་། རིག་གནས་སྣང་ཚུལ། འཆམ་མཐུན་བཅས་ཡིན། 

1.མཚོ་སྔོན་པོ་དང་འབྲེལ་བའི་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཀྱི་རང་བྱུང་མཛེས་ལྗོངས་ཀྱི་སྐྱེ་ཁམས་ཁོར་སྲུང་སྐྱོབ་ཀྱི་འདུ་ཤེས་མངོན་འགྱུར་བྱེད་པ། 

2.མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་། རྒྱུན་རིང་བའི་ལོ་རྒྱུས། སྣ་མང་རིག་གནས། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་ལེགས་པའི་ཚུལ་དང་། ཁྱད་པར་དུ་མི་རིགས་སོ་སོའི་དཀའ་སྤྱད་དང་། སྡུག་རུས། རང་སྟོབས་རང་སྤེལ། ཡར་རྒྱས་བརྩོན་ལེན་བཅས་ཀྱི་སྙིང་སྟོབས་མངོན་འགྱུར། 

3.མི་རིགས་དུས་ཆེན་གྱི་ནང་དོན་གཏིང་ཟབ་ཏུ་བཏང་ནས་སྤྲོ་སྐྱིད་དང་འཆམ་མཐུན་གྱི་རྣམ་པ་མངོན་འགྱུར་བྱས་ཏེ། མ་རྩ་འཇོག་པའི་ཁོར་ཡུག་ལེགས་བཅོས་དང་། འཆམ་ཞིང་མཐུན་པའི་སྤྱི་ཚོགས་གསར་དུ་བསྐྲུན་ནས་འཆམ་མཐུན་ཅན་གྱི་ཀྲུང་གོ་མཚོན་པར་བྱེད་པ།




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-22

གསར་སྤེལ་མཁན། :ཚེ་རིང་དོན་གྲུབ།།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།