རི་བྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རི་བྱ།
རི་བྱའམ་དེ་ཕོ་ནི་ལུས་མདོག་བཀྲག་མདངས་ལྡན་པའི་བྱ་རིགས་ཤིག་ཡིན་པ་དང་། ཆེ་ཆུང་ནེ་ཙོ་ཙམ་ལ་སྐེ་དང་མཇུག་མའི་སྒྲོ་ནེ་ཙོའི་སྒྲོ་ལས་རིང་བ་ཡོད། མགོ་དང་ཨོལ་མ་ལྟག་པ་སྐེ་བཅས་སྔོ་ལྗང་ལྟ་བུ་དང་འགྲམ་པ་གཉིས་ཀྱི་མདོག་སྨུག་ཅིང་། མིག་གཉིས་ཆུང་ཞིང་མཐའ་ལ་ཤ་རྗེན་གྱི་མདོག་ལྟ་བུ་དམར་པོ་ཡོད་པ་དང་མཆུ་ཐུང་ལ་སྐྱ་བ། སྐེའི་སྨད་ཆར་སྐེ་ཀོར་ལྟ་བུའི་སྒྲོ་དཀར་པོ་ཐུང་ངུས་རིམ་པ་གཅིག་བསྐོར་ཡོད། རྒྱབ་ཀྱི་སྟོད་འི་མདོག་དམར་སེར་ཅན་དང་སྨད་ཆ་ཁམ་དམར་གྱི་གཤམ་ལ་སྔོ་སྐྱའི་མདོག་ལ་དཀར་ནག་འདྲེས་མའི་ཐིག་ཡོད་པ་དང་། རྩིབ་ལོགས་ཀྱི་སྒྲོ་མདོག་དམར་སེར་ལ་ནག་ཐིག་ཡོད་པ། བྲང་སྤུ་མདོག་སྨུག་ཤས་ཆེ་བའི་རྩེ་ནག་པོ་ཡིན་ཞིང་། མཇུག་མའི་སྒྲོ་ཁམ་སྨུག་རིང་ཞིང་དཀྱིལ་མདོག་ཁམ་སེར་གྱི་མཐའ་གཉིས་དམར་སྨུག་ཅན་གྱི་འཕྲེད་དུ་ནག་ཐིག་རིམ་པས་ཡོད་པ་དང་། བྱ་མོ་ཡིན་ན་གཟུགས་ཕོ་ལས་ཆུང་ཞིང་མཇུག་སྒྲོ་ཡང་ཐུང་བ་མ་ཟད། ལུས་ཀྱི་ཕལ་ཆེར་ཁམ་སྐྱ་ཡིན་ལ་རྒྱབ་ཀྱི་སྒྲོ་ལ་མདོག་ཁམ་ནག་གི་ཐིག་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རི་བྱ།
རྒྱ་ཡིག་གི་མིང་།
山鸡
ཕྱི་ཡིག་གི་མིང་།
PhasianusColchicustorguatusGmeLin
སྡེ།
འདབ་ཆགས་ཀྱི་སྡེ།
ཁོངས་གཏོགས།
འདབ་ཆགས་ཀྱི་ཁོངས་གཏོགས།
སྒོ།
སྒལ་ཐག་སྲོག་ཆགས།
1 མིང་གཞན། 

དེ་ཕོ་ཡང་ཟེར། 

2 སྐྱེ་དབྱིབས། 

རི་བྱའམ་དེ་ཕོ་ནི་ལུས་མདོག་བཀྲག་མདངས་ལྡན་པའི་བྱ་རིགས་ཤིག་ཡིན་པ་དང་། ཆེ་ཆུང་ནེ་ཙོ་ཙམ་ལ་སྐེ་དང་མཇུག་མའི་སྒྲོ་ནེ་ཙོའི་སྒྲོ་ལས་རིང་བ་ཡོད། མགོ་དང་ཨོལ་མ་ལྟག་པ་སྐེ་བཅས་སྔོ་ལྗང་ལྟ་བུ་དང་འགྲམ་པ་གཉིས་ཀྱི་མདོག་སྨུག་ཅིང་། མིག་གཉིས་ཆུང་ཞིང་མཐའ་ལ་ཤ་རྗེན་གྱི་མདོག་ལྟ་བུ་དམར་པོ་ཡོད་པ་དང་མཆུ་ཐུང་ལ་སྐྱ་བ། སྐེའི་སྨད་ཆར་སྐེ་ཀོར་ལྟ་བུའི་སྒྲོ་དཀར་པོ་ཐུང་ངུས་རིམ་པ་གཅིག་བསྐོར་ཡོད། རྒྱབ་ཀྱི་སྟོད་འི་མདོག་དམར་སེར་ཅན་དང་སྨད་ཆ་ཁམ་དམར་གྱི་གཤམ་ལ་སྔོ་སྐྱའི་མདོག་ལ་དཀར་ནག་འདྲེས་མའི་ཐིག་ཡོད་པ་དང་། རྩིབ་ལོགས་ཀྱི་སྒྲོ་མདོག་དམར་སེར་ལ་ནག་ཐིག་ཡོད་པ།  བྲང་སྤུ་མདོག་སྨུག་ཤས་ཆེ་བའི་རྩེ་ནག་པོ་ཡིན་ཞིང་། མཇུག་མའི་སྒྲོ་ཁམ་སྨུག་རིང་ཞིང་དཀྱིལ་མདོག་ཁམ་སེར་གྱི་མཐའ་གཉིས་དམར་སྨུག་ཅན་གྱི་འཕྲེད་དུ་ནག་ཐིག་རིམ་པས་ཡོད་པ་དང་། བྱ་མོ་ཡིན་ན་གཟུགས་ཕོ་ལས་ཆུང་ཞིང་མཇུག་སྒྲོ་ཡང་ཐུང་བ་མ་ཟད། ལུས་ཀྱི་ཕལ་ཆེར་ཁམ་སྐྱ་ཡིན་ལ་རྒྱབ་ཀྱི་སྒྲོ་ལ་མདོག་ཁམ་ནག་གི་ཐིག་ཡོད།

རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་རི་མཐོའི་སྤང་དང་རྩ་གསེབ་འཁྲིལ་ཤིང་མཐུག་པོ་སྐྱེས་པའི་དེའུ་འབུར་ཡོད་སར་ཡིན་ཞིང་། དགུན་ཁ་རི་འདབས་ཀྱི་རྩྭ་ཐང་དང་ཞིང་གསེབ་ཏུ་འཚོ་སྡོད་བྱེད་པ་དང་། རྐང་པས་འགྲོ་ན་མགྱོགས་ཤིང་ཐག་རིང་སར་འཕུར་མི་ཐུབ། ཟས་སུ་རྩི་ཤིང་གི་འབྲས་བུ་དང་ས་བོན་འབུ་སྲིན་སོགས་ཟོས་ནས་འཚོ་བ་ཡིན།

3 སྨན་རྒྱ་ལས་སྣོན། 

ཤ་ནི་ཤ་རིགས་གཞན་ལྟར་ཚག་ཤའི་ནང་དུ་བཅུག་སྟེ་མེའི་ནང་བསྲེགས་ནས་སྤྱོད་དགོས། 

4 རོ་ནུས་ཞུ་རྗེས།   

ཤ་རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་བསིལ་ཞིང་ཡང་ལ་རྩུབ་པའོ༎

5 རྐྱང་པའི་ཕན་ཡོན།   

ཤས་ལུས་ཟུངས་གསོ་ཞིང་རོ་ཙ་འཕེལ་བ་དང་། རླུང་དང་བད་པའི་ཚ་བ་སེལ་བར་བྱ་བྱེད་དོ༎


བརྡ་འགྲེལ་གདོང་འཛར།

རི་བྱ། དེ་ཕོ། སྨན་རྒྱུ། ལས་སྣོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-07-24

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།